June 13, 2025; Friday
འཇུན་ཚེས་ 13, 2025; གཟའ་པ་སང་།
གསུང་མགུར་ 75། སྟོན་པའི་མདོ་ 7:15-9:18། 2 ཀོ་རིན་ཐུ་པ་ 12:14-13:4།
ཡ་ཧོ་ཝཱའི་ཕྱིར་ཅི་ཡང་མཛད་དུ་དཀའ་འམ།
འགོད་པ་ 18:14།
།དེའི་རྗེས་སུ་བཅུ་གཅིག་པོ་ཁ་ཟས་ཟ་བའི་ཚེ་སྐུ་མངོན་པར་མཛད་དེ། སྐུ་གསོན་པོར་བཞེངས་པར་མཇལ་བ་ལ་ཡིད་མ་ཆེས་པས། སྙིང་གྱོང་ཞིང་དད་པ་མེད་པར་བཀའ་བཀྱོན་མཛད་དོ།
མར་ཀུ་ 16:14།
===================================
June 3, 2025; Tuesday
འཇུན་ཚེས་ 3, 2025; གཟའ་མིག་དམར།
གསུང་མགུར་ 71:18-24། ལེགས་བཤད་ 26། 2 ཀོ་རིན་ཐུ་པ་ 7:3-8:9།
དཔུང་ཆེན་གྱི་ཡ་ཧོ་ཝཱ་ནི། དམ་པ། དམ་པ། དམ་པ་སྟེ། ས་གཞི་་ཐམས་ཅད་ཁོང་གི་གཟི་བྱིན་གྱིས་ཁྱབ་བོ།
ཡེ་ཤ་ཡཱ་ 6:3།
ཕོ་ཉ་དེས་སྐད་ཆེན་པོས། དཀོན་མཆོག་གི་ཞལ་ཆེའི་དུས་ལ་བབས་པས། ཁོང་ལ་འཇིགས་ཤིང་བསྟོད་ཅིག །ནམ་ས་དང་རྒྱ་མཚོ་དང་ཆུ་མིག་མཛད་མཁན་ལ་བསྙེན་བཀུར་བྱོས་ཤིག་ཅེས་གསུང་བ་མཐོང་བྱུང་།
མངོན་པ་ 14:7།
===================================
June 2, 2025; Monday
འཇུན་ཚེས་ 2, 2025; གཟའ་ཟླ་བ།
གསུང་མགུར་ 71:9-18། ལེགས་བཤད་ 25། 2 ཀོ་རིན་ཐུ་པ་ 7:1-13།
ངའི་མི་སྡེའི་བུ་མོ་སྣད་པས། ང་ཡང་སྣད་བྱུང་། གིལ་ཨད་ནང་བལ་སམ་མེད་དམ། དེ་ན་སྨན་པ་གང་ཡང་མེད་དམ་ཞེས་ཡེ་རེམ་ཡཱས་སྨྲས་སོ།
ཡེ་རེམ་ཡཱ་ 8:21-22།
ཡེ་ཤུས་ཟག་ཀ་ལ། མི་འདིའང་ཨབ་ར་ཧམ་གྱི་བུ་ཡིན་པས། དེ་རིང་ཁང་པ་འདིར་ཐར་པ་བསླེབས་སོ་གསུངས་སོ།
ལུ་ཀ་ 19:9-10།
===================================
June 1, 2025; Sunday
འཇུན་ཚེས་ 1, 2025; གཟའ་ཉི་མ།
བདུན་ཞག་གི་གསུང་།
།ཁྱེད་ཆོས་དྲང་རྣམས་ཡྷ་ཝཱེའི་ནང་དུ་ཡི་རངས་ཤོག
།ཁོང་གི་དམ་པའི་མཚན་ལ་གཏང་རག་འབུལ་བར་མཛོད།
གསུང་མགུར་ 97:12།
མཛད་པ་ 16:16-34། གསུང་མགུར་ 97། མངོན་པ་ 22:12-14, 16-17, 21-21། ཡོ་ཧ་ནན་ 17:20-26།
ཧན་ནས་དམ་བཅས་ཤིང་ཞུས་པ། ཀྱེ་དཔུང་ཆེན་གྱི་ཡ་ཧོ་ཝཱ།བདག་ལ་ཐུགས་བརྩེ་བར་དགོངས་ཏེ། ཁྱེད་ཀྱི་བྲན་མོ་བདག་གི་སྡུག་བསྔལ་འདི་ལ་གཟིགས་ཤིག
གལ་ཏེ་ཁྱེད་ཀྱིས་ཉིད་ཀྱི་བྲན་མོ་བདག་ལ་ཐུགས་མ་གཡེལ་བར་བུ་ཞིག་གནང་ན། བུ་དེ་ནི་མ་འཆི་བའི་བར་དུ་ཡ་ཧོ་ཝཱ་ལ་འབུལ་བར་བྱ།
1 ཤ་མུ་ཨེལ་ 1:11།
དེ་ནས་ཨེ་ལི་ས་བེད་ལ་དུས་རན་ནས་བུ་ཞིག་སྐྱེས། ཁྱིམ་མཚེས་དང་གཉེན་རྣམས་ཀྱིས་གཙོ་བོས་ཁོ་ལ་ཐུགས་རྗེ་ཆེན་པོ་མཛད་པ་ཐོས་ནས་ཡི་རངས་སོ།
ལུ་ཀ་ 1: 57-58།
===================================
May 14, 2025; Wednesday
མེ་ཚེས་ 14, 2025
གཟའ་ལྷག་པ།
གསུང་མགུར་ 65:1-8།
ལེགས་བཤད་ 8:1-9:6།
1 ཀོ་རིན་ཐུ་པ་ 14:36-15:2།
།ཐོ་རངས་ཀྱི་འདབ་ཤོག་བདག་གིས་བཏགས་ཏེ།
།རྒྱ་མཚོའི་ཡང་མཐའ་རྣམས་སུ་སྡོད་ན་ཡང་།
།དེར་ཡང་ཁྱེད་ཕྱག་གིས་ངའི་ལམ་སྣ་བྱ།
།ཁྱེད་ཕྱག་གཡས་པས་ང་ལ་ཉ་ར་བྱ།
གསུང་མགུར་ 139:9-10།
།ང་སུ་ཡི་ཡིན་པའི་ངས་སྟེན་པའི་དཀོན་མཆོག་གི་ཕོ་ཉ་དེ་རིང་མཚན་མོར་ངའི་རྩར་ཕེབས་ནས། པའུ་ལུ་མ་འཇིགས་ཤིག །ཁྱོད་རྒྱལ་པོ་ཆེན་པ་མཇལ་བ་གལ་ཆེའོ། །ཁྱོད་ཀྱི་རྐྱེན་གྱིས་ཁྱོད་མཉམ་གྲུའི་ནང་ཡོད་པ་ཐམས་ཅད་དཀོན་མཆོག་གིས་སྐྱབས་པ་ཡིན་གསུངས་བྱུང་ཞེས་པའུ་ལུས་གསུངས་སོ།
མཛད་པ་ 27:23-24།
===================================
April 24, 2025; Thursday
ཨེབ་རིལ་ཚེས་ 24, 2025; གཟའ་ཕུར་པུ།
གསུང་མགུར་ 24། ཡོབ་ 31། 1 ཀོརིན་ཐུ་པ་ 7:1-16།
ཁྱེད་ཀྱི་སྐྱབས་ཀྱིས་ངའི་སྙིང་དགའ་མགུ་རང་བར་འགྱུར།
གསུང་མགུར་ 13:5།
དེ་རྣམས་ཤིན་ཏུ་ངོ་མཚར་དུ་གྱུར་ནས། ཁོང་གིས་ཐམས་ཅད་ལེགས་པར་མཛད་ཅིང་། འོན་པས་སྒྲ་ཐོས་པ་དང་། ལྐུག་པས་གཏམ་སྨྲ་འཇུག་པར་མཛད་དོ་ཞེས་ཟེར་ཏོ།
མར་ཀུ་ 7:37།
===================================
April 23, 2025; Wednesday
ཨེབ་རིལ་ཚེས་ 23, 2025; གཟའ་ལྷག་པ།
གསུང་མགུར་ 53། ཡོབ་ 30། 1 ཀོ རིན་ཐུ་པ་ 6:9-20།
ང་ནི་དཀོན་མཆོག་ཀུན་དབང་ཡིན། ངའི་ངོའི་མདུན་དུ་ཁྱོད་ཀྱི་སྤྱོད་པ་བྱེད་དེ་སྐྱོན་མེད་པའི་སྤྱོད་པ་བྱོས་ཤིག
འགོད་པ་ 17:1།
།ཡེ་ཤུས་ཐོ་མཱ་ལ། ཁྱོད་ཀྱི་མཛུབ་མོ་འདིར་ཆུག་ཅིག །ངའི་ལག་པ་ལ་ལྟོས། ལག་པ་རྐྱོང་ལ་ངའི་གཞོགས་ཀྱི་ནང་དུ་ཆུག་དང་།
།དད་མེད་མ་འགྱུར་བར་དད་པ་བྱོས་ཤིག་ཅེས་གསུངས་སོ།
ཡོ་ཧ་ནན་ 20:24།
===================================
January 4, 2025; Saturday
ཇན་ཝ་རི་ཚེས་ 4, 2025; གཟའ་སྤེན་པ།
གསུང་མགུར་ 4། 1 སྔོན་རབས་ 5:23--6:30།
མཛད་པ་ 10:9-23།
།བདག་གི་རང་སེམས་ཁྱེད་ཀྱི་ཕྱག་ཏུ་འབུལ།
།བདེན་པའི་དཀོན་མཆོག་ཡྷ་ཝཱེས་བདག་ནི་སྐྱབས།
གསུང་མགུར་ 31:5།
དེས་ན་དགོས་པའི་དུས་སུ་སྐྱབས་དང་སྙིང་རྗེ་ཐོབ་པའི་ཕྱིར་ཐུགས་རྗེའི་བཞུགས་ཁྲིའི་དྲུང་དུ་བློ་གདེང་དང་ལྡན་པར་འགྲོ་བར་བྱའོ།
ཨིབ་རི་པ་ 4:16།