February 21, 2026 Saturday
ཕེབ་རུའ་རི་ཚེས་ 21, 2026། གཟའ་སྤེན་པ།
གསུང་མགུར་ 28། འགོད་པ་ 49། མད་ཐཱ་ 17:14-27།
།ཁྱོད་ཀྱིས་སྔར་གྱི་བྱ་བ་རྣམས་ཀྱང་མ་དྲན་ཞིག །རྙིང་པའི་བྱབ་དག་ལའང་བསམ་མནོ་མ་ཐོང་ཞིག །ཀྱེ་ཧོ། ངས་བྱ་བ་གསར་པ་ཞིག་རྩོམ་པར་བྱ། ད་ལྟ་ནི་དེ་སྐྲུན་པར་འགྱུར། ཁྱོད་ཅག་གིས་དེ་ཤེས་པར་མི་འགྱུར་རམ།
ཡེ་ཤ་ཡཱ་ 43:18-19།
།མ་ཤི་ཀའི་ནང་ཡོད་པ་ཐམས་ཅད་གསར་དུ་གྱུར་པ་ཡིན་ནོ། །རྙིང་པ་རྣམས་མེད་པར་འགྱུར་ཏེ། གསར་པ་རྣམས་བྱུང་ངོ་།
2 ཀོ་རིན་ཐུ་པ་ 5:17།
===================================
February 20, 2026 Friday
ཕེབ་རུའ་རི་ 20, 2026། གཟའ་པ་སང་།
གསུང་མགུར་ 27:1-6། འགོད་པ་ 46:28--47:31། མད་ཐཱ་ 16:21-28།
།ཡྷ་ཝཱེ་ང་ལ་བྱམས་བརྩེ་བསྲིས་མ་ཞོག
།ཁྱེད་ཀྱི་བྱམས་དང་བདེན་པས་ང་རྒྱུན་སྲུང་།
གསུང་མགུར་ 40:11།
།ཁྱེད་ཚོར་སྙིང་རྗེ་དང་ཞི་བདེ་དང་བྱམས་ཐུགས་མང་པོ་འབབ་པར་གྱུར་ཅིག
ཡ་ཧུ་དཱ་ 2།
===================================
February 19, 2026 Thursday
ཕེབ་རུའ་རི་ཚེས་ 19, 2026། གཟའ་ཕུར་པུ།
གསུང་མགུར་ 27:1-6། འགོད་པ་ 46:28--47:31། མད་ཐཱ་ 16:21-28།
།མི་སྡེ་ངེད་ཀྱི་དཀོན་མཆོག་ལ།
།བཀྲ་ཤིས་ཞུས་བསྟོད་སྒྲ་གསན་ཆུག
།ངེད་སྲོག་གསོན་པོར་འཇོག་མཛད་ཅིང་།
།ངེད་ཀྱི་རྐང་པ་འཁྱོར་མི་འཇུག
གསུང་མགུར་ 66:8-9།
།ཁྱེད་ཁ་སེམས་གཅིག་གིས། ང་ཚོའི་གཙོ་བོ་ཡེ་ཤུ་མ་ཤི་ཀའི་ཡབ་དཀོན་མཆོག་ལ་བསྟོད་ཕྱིར། བཟོད་པ་དང་སེམས་གསོ་གནང་བའི་དཀོན་མཆོག་གིས། མ་ཤི་ཀ་ཡེ་ཤུ་བཞིན་དུ། ཁྱེད་སེམས་གཅིག་ཏུ་སྤྱོད་པ་གནང་བར་ཤོག
རོ་མ་པ་ 15:5-6།
===================================
Ash Wednesday
ཡོ་ཨེལ་ 2:1-2, 12-17། གསུང་མགུར་ 51:1-17། 2 ཀོ་རིན་ཐུ་པ་ 5:20--6:10། མད་ཐཱ་ 6:1-6, 16-21།
February 18, 2026 Wednesday
ཕེབ་རུའ་རི་ཚེས་ 18, 2026། གཟའ་ལྷག་པ།
གསུང་མགུར་ 26། འགོད་པ་ 46:1-27། མད་ཐཱ་ 16:5-20།
།ཁྱེད་ཀྱི་བཀའ་བཞིན་ཀྱེ་ཡྷ་ཝཱེ་ཁྱེད་ཀྱི།
།སྐྱབས་དང་ཐུགས་རྗེ་ངའི་སྟེང་འབབ་པར་ཤོག །
གསུང་མགུར་ 119:41།
།ཐམས་ཅད་ངོ་མཚར་དུ་གྱུར་ཏེ་ཕན་ཚུན་སྨྲས་པ། བཀའ་འདི་ཅི་ཡིན། དབང་དང་མཐུ་ཡིས་འགོང་པོ་ལ་བཀའ་གནང་ཞིང་། དེ་རྣམས་འཐོན་འགྲོའོ།
ལུ་ཀ་ 4:36།
===================================
February 17 2026 Tuesday
ཕེབ་རུའ་རི་ཚེས་ 17, 2026། གཟའ་ཕུར་པུ།
གསུང་མགུར་ 25:8-22། འགོད་པ་ 45། མད་ཐཱ་ 15:29--16:4།
།གསང་བ་རྣམས་ནི་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་ཕྱག་ཏུ་ཡོད།མངོན་པར་གྱུར་པ་ནི་ངེད་བུ་རྣམས་དང་བཅས་པའི་ལག་པར་རྟག་ཏུ་ཡོད།
བཀའ་ལུང་ 29:29།
།དཀོན་མཆོག་གི་གསང་བའམ།
ཤེས་རབ་དང་རིག་པའི་གཏེར་ཐམས་ཅད་སྦས་ཡོད་པའི་མ་ཤི་ཀ་རྟོགས་པའི་ཕྱིར་རོ།
ཀོ་ལོ་ས་པ་ 2:2-3།
===================================
February 16, 2026 Monday
ཕེབ་རུའ་རི་ཚེས་ 16, 2026། གཟའ་ཟླ་བ།
གསུང་མགུར་ 25:1-7། འགོད་པ་ 44། མད་ཐཱ་ 15:21-28།
།ཀྱེ་ཧོ། ངས་རང་གི་ཕོ་ཉ་མངགས་ཤིང་། དེས་ངའི་མདུན་དུ་གཤེགས་ལམ་ཤོམ་པར་འགྱུར།
མ་ལ་ཀི་ 3:1།
།ཡེ་ཤུས། དེ་ནས་ཁོང་གི་ཕོ་ཉ་མངགས་ཏེ། འཇིག་རྟེན་གྱི་མཐའ་མ་ནས་ནམ་མཁའི་མཐའ་མའི་བར་དུ་། ཕྱོགས་བཞི་ནས། ཉིད་ཀྱི་འདམས་པ་རྣམས་བསྡུ་བར་འགྱུར་རོ་ཞེས་གསུངས་སོ།
མར་ཀུ་ 13:27།
===================================
February 15, 2026 Sunday
ཕེབ་རུའ་རི་ཚེས་ 15, 2026། གཟའ་ཉི་མ།
སྐྱབས་མགོན་ཡེ་ཤུའི་སྐུ་དབྱིབས་གྱུར་བ།
བདུན་ཞག་གི་གསུང་།
།དཀོན་མཆོག་གིས། འདི་ནི་ང་དགའ་བའི་སྲས་གཅིག་པུ་ཡིན། ཁོང་ལ་ཉོན་ཅིག་གསུངས་སོ།
མད་ཐཱ་ 17:5།
འཐེགས་པ་ 24:12-18། གསུང་མགུར་ 2། 2 པེད་ཏྲོ་ 1:16-21། མད་ཐཱ་ 17:19།
།ཡོ་སེབ་ཀྱི་སྤུན་རྣམས་ཀྱིས། ད་ང་ཅག་ཁྱོད་ཀྱི་ཕའི་དཀོན་མཆོག་གི་གཡོག་པོ་རྣམས་ཀྱི་ཉེས་པའི་ཕྱིར་ཁྱོད་བཟོད་པ་མཛད་པར་གསོལ་ལོ་སྨྲས།
འགོད་པ་ 50:17།
།གཅིག་གིས་གཅིག་ལ་ཕན་སེམས་གྱིས་ཤིག །དཀོན་མཆོག་གིས་མ་ཤི་ཀའི་སྒོ་ནས་ཁྱེད་ཚོའི་སྡིག་པ་བསལ་བ་ལྟར། ཁྱེད་ཚོས་ཀྱང་ཕན་ཚུན་བྱམས་ཤིང་བཟོད་པར་གྱིས་ཤིག
ཨེ་ཕེ་སུ་པ་ 4:32།
===================================
February 14, 2026 Saturday
ཕེབ་རུའ་རི་ཚེས་ 14, 2026། གཟའ་སྤེན་པ།
གསུང་མགུར་ 24། འགོད་པ་ 43། མད་ཐཱ་ 15:10-20།
།ཡྷ་ཝཱེར་ཆགས་མཁན་ཁྱེད་རྣམས་ངན་པར་སྡང་ཞིག་ཀྱེ།
།ཁོང་གིས་ཉིད་ཀྱི་དམ་པ་རྣམས་ཀྱི་སེམས་སྲུང་ངོ་།
གསུང་མགུར་ 97:10།
།དེའི་ཚེ་ཡ་ཧུ་དཱ་དང།ག་ལིལ་དང་། ས་མར་ཡ་སོགས་ཡུལ་ཀུན་གྱི་ཆོས་ཚོགས་ནང་བདེ་ཞིང་ཡར་བསྐྱེད་བྱུང་ནས། གཙོ་བོ་ལ་འཇིགས་ཤིང་། དམ་པའི་ཐུགས་ཉིད་ཀྱི་སེམས་བདེའི་ནངའགྲུལ་ཞིང་ཆོས་ཚོགས་རྒྱས་པར་གྱུར་ཏོ།
མཛད་པ་ 9:31།
===================================
February 13, 2026 Friday
ཕེབ་རུའ་རི་ཚེས་ 13:2026། གཟའ་པ་སང་།
གསུང་མགུར་ 23། འགོད་པ་ 42། མད་ཐཱ་ 14:25--15:9།
གལ་ཏེ་ཁྱོད་ཅག་གིས་ཡ་ཧོ་ཝཱའི་བཀའ་ལ་མི་ཉན་ཏེ། ཡ་ཧོ་ཝཱའི་བཀའ་དང་འགལ་ན། ཁྱོད་ཅག་གི་ཕ་མེས་ཀྱི་ཐོག་ཏུ་ཡ་ཧོ་ཝཱའི་ཕྱག་ཇི་ལྟར་ལྕི་བར་གྱུར་པ་ཡིན། དེ་ལྟར་ཁྱོད་ཅག་གི་ཐོག་ཏུ་ཡང་ལྕི་བར་འགྱུར་བར་འགྱུར།
1 ཤ་མུ་ཨེལ་ 12:15།
ཁྱེད་ཚོས་གཙོ་བོ་ཡེ་ཤུ་མ་ཤི་ཀ་བླངས་པས་མ་ཤི་ཀ་པ་ལྟར་སྤྱོད་ཅིག །ཁོང་ནང་རྩ་བ་བརྐྱངས་ཏེ་ཡར་སྐྱེད་ལ། བསླབས་པ་བཞིན་དུ་གཏང་རག་མང་དུ་འབུལ་ཞིང་དད་པའི་ནང་བརྟན་པོར་སྡོད་ཅིག
ཀོ་ལོ་ས་པ་ 2:6-7།
===================================
February 12, 2026 Thursday
ཕེབ་རུའ་རི་ 12, 2026། གཟའ་ཕུར་པུ།
གསུང་མགུར་ 22:29-31། འགོད་པ་ 41:17-57། མད་ཐཱ་ 14:15-24།
།ངས་ཁྱོད་ཀྱི་འགལ་སྐྱོན་རྣམས་སྤྲིན་ཐུག་པོ་ལྟར་དང་། ཁྱོད་ཀྱི་ཉེས་སྡིག་རྣམས་སྤྲིན་ལྟར་བསལ་ཏེ། ངས་ཁྱོད་བླུས་པས། ངའི་ཕྱོགས་སུ་ལོག་ཤོག
ཡེ་ཤ་ཡཱ་ 44:22།
།ཁོང་གི་ནང་ན་སྡིག་པ་མེད་ཅིང་། སྡིག་པ་མེད་པར་མཛད་པའི་ཕྱིར་བྱོན་པ་ཁྱེད་ཚོས་ཤེས་སོ།
1 ཡོ་ཧ་ནན་ 3:5།
===================================
February 11, 2026 Wednesday
ཕེབ་རུའ་རི་ཚེས་ ༡༡/༢༠༢༦། གཟའ་ལྷག་པ།
གསུང་མགུར་ ༢༢:༢༢--༢༨། འགོད་པ་ ༤༠:༡--༤༡:༡༦། མད་ཐཱ་ ༡༤:༡--༡༤།
།ཨེབ་ར་ཡིམ་ངའི་བུ་གཅེས་པ་དེ་ལགས་སམ། ངའི་བུ་སྙིང་སྡུག་ཅིག་ཡིན་ནམ། དེ་ཅིའི་ཕྱིར་ཞེ་ན། ངས་དེ་ལ་ལན་དུ་མར་སྨད་ཀྱང་། ངའི་སྙིང་གི་མཐིལ་ནས་ད་དུང་ཡང་དྲན། དེའི་ཕྱིར་ངའི་སེམས་ཁོའི་ཕྱིར་བྱམས་པས་གདུང་ངོ་། ངས་དེ་ལ་ཐུགས་རྗེས་གཟིགས་པ་ཏན་ཁེལ་ཡིན། ཞེས་ཡ་ཧོ་ཝཱས་གསུང་ངོ་།
ཡེ་རེམ་ཡཱ་ ༣༡:༢༠།
།དཀོན་མཆོག་གིས་སྔོན་ནས་མཁྱེན་པས་ཉིད་ཀྱི་མི་སྡེ་རྣམས་མ་སྤངས་སོ།
རོ་མ་པ་ ༡༡:༢།
===================================
February 10, 2026 Tuesday
ཕེབ་རུའ་རི་ཚེས་ 10, 2026། གཟའ་མིག་དམར།
གསུང་མགུར་ 22:9-21། འགོད་པ་ 39། མད་ཐཱ་ 13:47-58།
།དེར་ཡ་ཀོབ་ཀྱིས། ད་ཁྱེད་ཀྱིས་བྲན་ལ་མཛད་པའི་ཐུགས་རྗེ་དང་བརྩེ་བའི་སྐྱབས་ཐམས་ཅད་ཀྱི་ནང་ནས་ང་ལ་ཟུར་ཞིག་ཀྱང་ཐོབ་པར་མི་འོས་ཞེས་ཞུས་སོ།
འགོད་པ་ 32:10།
།འོན་ཀྱང་ཚེ་མཐའ་མེད་པ་ཐོབ་པའི་ཕྱིར་ཁོང་ལ་དད་པ་རྣམས་ལ་དཔེ་རུ་འགྱུར་བའི་དོན་དུ། ཡེ་ཤུ་མ་ཤི་ཀའི་ཐུགས་བཟོད་ཚད་མེད་ངའི་ནང་སྟོན་པའི་ཕྱིར། ང་ལ་སྙིང་རྗེ་བརྙེས་པ་ཡིན་ནོ།
1 ཏི་མོ་ཐིའུ་ 1:16།
===================================
February 9, 2026 Monday
ཕེབ་རུའ་རི་ཚེལ་ 9, 2026། གཟའ་ཟླ་བ།
གསུང་མགུར་ 22:1-8། འགོད་པ་ 38། མད་ཐཱ་ 13:36-46།
།གལ་ཏེ་ཕྱི་མི་ཞིག་ཁྱེད་ཀྱི་ཡུལ་ན་ཁྱོད་དང་མཉམདུ་གནས་ན་དེ་ལ་མི་རིགས་པ་མ་བྱེད།
ལེ་ཝི་ 19:33།
།ཡེ་ཤུས། ངའི་བཀའ་བཞིན་སྒྲུབ་ན་ཁྱེད་ངའི་མཛའ་བོ་ཡིན་གསུངས་སོ།
ཡོ་ཧ་ནན་ 15:14།
===================================
February 8, 2026, Sunday
ཕེབ་རུའ་རི་ཚེས་ 8, 2026། གཟའ་ ཉི་མ།
བདུན་ཞག་གི་གསུང་།
།ཡེ་ཤུ་མ་ཤི་ཀ་དང་། ཁོང་རྒྱང་ཤིང་ལ་བརྐྱངས་པ་མ་གཏོགས གཞན་ཅིའང་ཁྱེད་ཀྱི་ཁྲོད་དུ་མི་འཆད་པར་ངས་ཐག་བཅད་པ་ཡིན།
1 ཀོ་རིན་ཐུ་པ་ 2:2།
ཡེ་ཤ་ཡཱ་ 58:1-9(9-12)། གསུང་མགུར་ 112:1-9(10)། 1 ཀོ་རིན་ཐུ་པ་ 2:1-12(13-16)། མད་ཐཱ་ 5:13-20།
།ངེད་ཀྱི་དོན་དུ་ཡ་ཧོ་ཝཱས་བྱ་བ།
།ཆེན་པོ་རྣམས་ནི་མཛད་བྱུང་ངེད་ཅག་དགའ།
གསུང་མགུར་ 126:3།
།ཁྱིམ་དུ་བག་ལེབ་གཅོག་ཅིང་། སེམས་དགའ་བར་སྙིང་དྲང་པོས་ཁ་ཟས་བཟོས་སོ། །དཀོན་མཆོག་ལ་བསྟོད་ཅིང་མི་སྡེ་ཐམས་ཅད་ཀྱིས་སྙིང་དུ་སྡུག་པར་བཟུང་ངོ་།
མཛད་པ་ 24:6-47།
===================================
February 7, 2026, Saturday
ཕེབ་རུའ་རི་ཚེས་ 7, 2026། གཟའ་སྤེན་པ།
གསུང་མགུར་ 21། འགོད་པ་ 37། མད་ཐཱ་ 13:24-35།
།ཁོང་གི་རྒྱལ་སྲིད་ཀྱི་རྒྱ་ཁྱོན་དང་ཞི་བདེ་ནི་མཐུ་དང་བྲལ་ལོ།
ཡེ་ཤ་ཡཱ་ 9:7།
།ཁོང་ང་ཚོའི་སྡུམ་མཛད་མཁན་ཡིན་ནོ།
ཨེ་ཕེ་སུ་པ་ 2:14།
===================================
February 6, 2026, Friday
ཕེབ་རུའ་རི་ཚེས་ 6, 2026། གཟའ་པ་སང་།
གསུང་མགུར་ 20། འགོད་པ་ 36:9-43། མད་ཐཱ་ 13:10-23།
།ཀྱེ་གཙོ་བོ། དྲང་བ་ཉིད་ནི་ཁྱེད་ལ་མངའ། འོན་ཀྱང་དེ་རིང་ངེད་རྣམས་ལ་ངོ་ཚ་བས་འགེབས་ཡོད།
དཱ་ནི་ཨེལ་ 9:7།
།ཡེ་ཤུས་བཀའ་ལན་ལ། ། ཆུང་ཤོས་འདི་གཅིག་ལ་ཁྱོད་ཀྱིས་དེ་ལྟར་མ་བྱས་པ་ནི། ང་ལ་མ་བྱས་པ་ཡིན་ཞེས་ངས་བདེན་པར་ཟེར་གསུང་བར་འགྱུར།
མད་ཐཱ་ 25:45།
===================================
February 5, 2026 Thursday
ཕེབ་རུའ་རི་ཚེས་ 5, 2026། གཟའ་ཕུར་པུ།
གསུང་མགུར་ 19:7-14། འགོད་པ་ 35:1--36:8། མད་ཐཱ་ 12:46--13:9།
།ཀྱེ་དཀོན་མཆོག་ངའི་འོ་དོད་གསོན།
།ང་ཡི་གསོལ་བར་སྣང་རྟགས་མཛོད།
གསུང་མགུར་ 61:1།
།གཙོ་བོ་བླུ་མེད་ལགས་པས། ཁྱེད་བརྟན་པོར་མཛད་ཅིང་ངན་པ་ལས་སྲུང་བར་འགྱུར་རོ།
2 ཐེ་ས་ལོ་ནི་ཀེ་པ་ 3:3།
===================================
February 4, 2026 Wednesday
ཕེབ་རུའ་རི་ཚེས་ 4, 2026། གཟའ་ལྷག་པ།
གསུང་མགུར་ 19:1-6། འགོད་པ་ 34། མད་ཐཱ་ 12:33-45།
།ཡ་ཧོ་ཝཱ་ལ་བློ་གཏོད་པའི་མི་ནི་བདེའོ། དེ་ནི་ཆུ་འགྲམ་དུ་བཙུགས་ནས། ཆུ་ཀླུང་ནང་དུ་རྩ་བ་རྐྱོང་བའི་ལྗོན་ཤིང་ལྟར་འགྱུར་ཞིང་། ཆུ་དཀོན་གྱི་ལོ་ལའང་མི་འཚབས། འབྲས་བུ་སྐྱེད་ཕྲོའང་མི་གཅོད་དོ།
ཡེ་རེམ་ཡཱ་ 17:7,8།
།ང་རྒུན་ཤིང་དེ་ཡིན། ཁྱེད་ཡལ་ག་དེ་ཡིན། ངའི་ནང་དུ་གནས་ཏེ། ང་ཁོའི་ནང་དུ་གནས་པ་དེ་ལ་འབྲས་བུ་མང་པོ་ཆགས་སོ།
ཡོ་ཧ་ནན་ 15:5།
===================================
February 3, 2026 Tuesday
ཕེབརུའ་རི་ཚེས་ 3, 2026། གཟའ་མིག་དམར།
གསུང་མགུར་ 18:46-50། འགོད་པ་ 32:22--33:20། མད་ཐཱ་ 12:22-32།
།དབུལ་པོར་ཕྱ་བས་དེའི་མཛད་པོར་སྨད། །ཡང་གཞན་གྱི་སྡུག་བསྔལ་ལ་དགའ་བ་དེ་ཆད་པ་མེད་པར་མི་འབུད།
ལེགས་བཤད་ 17:5།
།དཀོན་མཆོག་གིས་འཇིག་རྟེན་འདིའི་དབུལ་པོ་རྣམས་དད་པ་ལ་ཕྱུག་པོར་འགྱུར་བ་དང་། ཁོང་ལ་གཅེས་པ་རྣམས་ལ་ཞལ་བཞེས་པའི་རྒྱལ་སྲིད་ཀྱི་བརྒྱུད་འཛིན་དུ་འགྱུར་བའི་ཕྱིར་འདམས་པ་མ་ཡིན་ནམ།
ཡ་ཀོབ་ 2:5།
===================================
February 2, 2026, Monday
ཕེབ་རུའ་རི་ཚེས་ 2, 2026། གཟའ་ཟླ་བ།
གསུང་མགུར་ 18:38-45། འགོད་པ་ 32:1-21། མད་ཐཱ་ 12:9-21།
།དེ་ནས་ཡིས་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་འོ་དོད་བོས་པས། ཡ་ཧོ་ཝཱས་ཡིས་ར་ཨེལ་གྱི་བུ་རྣམས་ལ་སྲོག་སྐྱོབ་མཁན་ཞིག་བསྐོས་ནས། དེས་དེ་དག་ཐར་བར་བྱས་སོ།
ཁྲིམས་དཔོན་ 3:9།
།དེའི་ཕྱིར་རྔན་པ་ཆེནཔོ་ཡོད་པའི་སྙིང་སྟོབས་དེ་མ་སྤོངས་ཤིག
ཨིབ་རི་པ་ 10:35།
===================================
February 1, 2026, Sunday
ཕེབ་རུའ་རི་ཚེས་ 1, 2026། གཟའ་ཉི་མ།
བདུན་ཞག་གི་གསུང་།
རྒྱང་ཤིང་གི་བསྟན་པ་ནི་འཇིག་རྟེན་པ་ཚོས་བླུན་གཏམ་དུ་རྩི་ཞིང་། ང་ཚོ་ཐར་བ་རྣམས་ཀྱིས་ནི་
དཀོན་མཆོག་གི་མཐུ་སྟོབས་སུ་རྩིའོ།
1 ཀོ་རིན་ཐུ་པ་ 1:18།
མི་ཀ་ 6:1-18། གསུང་མགུར་ 15། 1 ཀོ་རིན་ཐུ་པ་ 1:17-31། མད་ཐཱ་ 5:1-12།
།ཁྱོད་ཀྱི་སྙིང་རྗེ་ནི་སྔ་གསར་ཡལ་བའི་ཟིལ་པ་དང་འདྲའོ།
ཧོ་ཤེ་ཨ་ 6:4།
ཡེ་ཤུས། ངའི་བྱམས་པའི་ནང་གནས་ཤིག་གསུངས་སོ།
ཡོ་ཧ་ནན་ 15:9།
===================================
January 31, 2026, Saturday
ཇན་ཝ་རི་ཚེས་ 31, 2026། གཟའ་སྤེན་པ།
གསུང་མགུར་ 18:30-36། འགོད་པ་ 31:22-55། མད་ཐཱ་ 11:25--12:8།
།ཅི་ལ་ཞུ་ན་ཁྱེད་ཡྷ་ཝཱེ།
།མཛད་པའི་ངང་ནས་ང་དགའ་བཅུག
།ཁྱེད་ཀྱི་ཕྱག་གིས་མཛད་པའི་རྐྱེན།
།ང་ཡིས་སེམས་སྐྱིད་པར་བྱེད།
གསུང་མགུར་ 92:4།
།རྐང་ལག་ཞ་བོ་ཡིན་པའི་མི་དེ་ཆོང་ཞིང་ལངས་ཏེ་འགྲུལ་ཐུབ་བོ། དེ་ནས་མཆོང་ནས་འགྲུལ་ཞིང་དཀོན་མཆོག་ལ་བསྟོད་ཅིང་ཁོངགཉིས་དང་མཉམ་དུ་མཆོད་ཁང་དུ་སོང་ངོ་།
མཛད་པ་ 3:8།
===================================
January 30, 2026, Friday
ཇན་ཝ་རི་ཚེས་ 30, 2026། གཟའ་པ་སང་།
གསུང་མགུར་ 18:25-29། འགོད་པ་ 30:25--31:21། མད་ཐཱ་ 11:11-24།
།ཡ་ཧོ་ཝཱས་ཉིད་ཀྱི་མི་སྡེ་ལ་བཀའ་ལན་གནང་ཞིང་འདི་སྐད་དུ། ལྟོས་ཤིག །ངས་ཁྱོད་ལ་འབྲུ་དང་
རྒུན་ཆང་དང་འབྲུ་མར་འརྫང་བ་དང་། ཁྱོད་དེས་ཚིམ་པར་འགྱུར་རོ།
ཡོ་ཨེལ་ 2:19།
།ཡེ་ཤུས་བག་ལེབ་ལྔ་དང་ཉ་གཉིས་པོ་ཕྱག་ཏུ་བཞེས་ནས། ནམ་མཁའ་ལ་གཟིགས་ཤིང་། བྱིན་རླབས་མཛད་ནས། བག་ལེག་བཅག་སྟེ། འགྲེན་པའི་ཕྱིར་ཉེ་གནས་རྣམས་ལ་གནང་སྟེ། ཉ་གཉིས་ཀྱང་ཐམས་ཅད་ལ་བགོས་སོ། ཐམས་ཅད་ཀྱིས་ཟོས་ནས་ཚིམས་སོ།
མར་ཀུ་ 6:41-42།
===================================
January 29, 2026, Thursday
ཇན་ཝ་རི་ཚེས་ 29, 2026། གཟའ་ཕུར་པུ།
གསུང་མགུར་ 18:16-24། འགོད་པ་ 29:15--30:24། མད་ཐཱ་ 11:1-10།
།ཀྱེ་ཡྷ་ཝཱེ་ངའི་དཀོན་མཆོག་ངེད་ཀྱི་ཕྱིར།
།མཚད་པའི་ངོ་མཚར་ཕྲིན་ལས་དང་ཐུགས་སྐྱེད།
།མང་བས་རིམ་བཞིན་ཁྱེད་དྲུང་སྒྲིབ་མི་ཐུབ།
གསུང་མགུར་ 40:5།
།(གཟའ་ཕོག་དེ་)ལངས་ནས་ཉལ་ཁྲི་ཁུར་ཏེ། མི་ཚོགས་ཀྱི་མཐོང་སར་སོང་བས། ཐམས་ཅད་ངོ་མཚར་དུ་གྱུར་ཏེ། དཀོན་མཆོག་ལ་བསྟོད་ཅིང་། ང་ཚོས་འདི་འདྲ་ནམ་ཡང་མ་མཐོང་སྨྲས་སོ།
མར་ཀུ་ 2:12།
===================================
January 28, 2026; Wednesday
ཇན་ཝ་རི་ཚེས་ 28, 2026། གཟའ་ལྷག་པ།
གསུང་མགུར་ 18:7-15། འགོད་པ་ 28:10--29:14། མད་ཐཱ་ 10:26-42།
།ང་ནི་སྐྱུར་བར་མ་མཛད་ཀྱེ་ཡྷ་ཝཱེ།
།ཀྱེ་ངའི་དཀོན་མཆོག་བདག་ལས་འབྲལ་མ་མཛད།
གསུང་མགུར་ 38:21།
།ཡ་ཨིར་གྱིས་ཡེ་ཤུ་ལ། ངའི་བུ་མོ་འཆི་བ་ལ་ཐུག་པས། མོ་ནད་ལས་ཐར་ཏེ་གསོན་ཕྱིར། ཕེབས་ནས་མོའི་མགོ་ལ་ཕྱག་འཇོག་པར་མཛོད་ཅིག་ཅེས་མང་དུ་ཞུས་སོ།
མར་ཀུ་ 5:23།
===================================
January 27, 2026; Tuesday
ཇན་ཝ་རི་ཚེས་ 27, 2026། གཟའ་མིག་དམར།
གསུང་མགུར་ 18:1-6། འགོད་པ་ 27:3--28:9། མད་ཐཱ་ 10:17-25།
།ངའི་ཐུགས་བསམ་ནི་ཁྱོད་ཀྱི་བསམ་པའང་མིན། ཁྱོད་ཀྱི་ལམ་རྣམས་ཀྱང་ངའི་ལམ་རྣམས་མིན་ཞེས་ཡ་ཧོ་ཝཱས་གསུང་ངོ།
ཡེ་ཤ་ཡཱ་ 55:8།
།དེ་རིང་ཡང་ན་སང་ཉིན་གྲོང་ཁྱེར་ཆེ་གེ་མུར་སོང་ནས། དེར་ལོ་གཅིག་སྡད་དེ་ཚོང་བྱེད་ཅིང་ཁེ་འབྱུང་བར་འགྱུར་ཟེར་བ་ཁྱོད་སུ་ཡིན། དེའི་ཚབ་ལ་གཙོ་བོ་་དགྱེས་ན་ང་ཚོ་གསོན་ཞིང་འདི་དང་འདི་བཞིན་བྱའོ་་ཟེར་བར་དགོས་སོ།
ཡ་ཀོབ་ 4:13, 14།
===================================
January 26 2026 Monday
ཇན་ཝ་རི་ཚེས་ ༢༦/༢༠༢༦། གཟའ་ཟླ་བ།
གསུང་མགུར་ ༡༧:༨--༡༥། འགོད་པ་ ༢༧:༡--༢༩། མད་ཐཱ་༡༠:༡--༡༦།
།དུས་དང་ནམ་ཟླ་ཁོང་གིས་སྒྱུར་བར་མཛད།
།རྒྱལ་པོ་རྣམས་ཁོང་གིས་ཆམ་ལ་འབེབས་ཏེ།
།རྒྱལ་པོ་རྣམས་ཁོང་གིས་འཛུགས་པར་ཡང་མཛད།
དཱ་ནི་ཨེལ་ ༢:༢༡།
།སྐུལ་མ་ཐམས་ཅད་ལས་དང་པོ་ནི། རྒྱལ་པོ་དང་། དཔོན་པོ་དང་མི་ཐམས་ཅད་ཀྱི་དོན་དུ་གསོལ་བ་དང་། སྨོན་ལམ་དང་། ཞུ་བ་དང་། གཏང་རག་ཕུལ་ཞིག
༡ ཏི་མོ་ཐིའུ་ ༢:༡།
===================================
January 24, 2026; Saturday
ཇན་ཝ་རི་ཚེས་ 24, 2026། གཟའ་སྤེན་པ།
གསུང་མགུར་ 17:1-7། འགོད་པ་ 26། མད་ཐཱ་ 9:27-38།
།དེ་དག་གི་ཆོས་ཚོགས་ཁོ་བོའི་ཞལ་ངོར་འཚུགས་པར་འགྱུར།
ཡེ་རེམ་ཡཱ་ 30:20།
།ཟུར་རྡོ་ཡེ་ཤུ་མ་ཤི་ཀ་ཡིན་ཅིང་། རྩིག་རྨང་སྐུ་ཚབ་དང་ལུང་སྟོན་པ་རྣམས་ཀྱི་སྟེང་དུ་ཁྱེད་ཚོ་བརྩིགས་སོ།
ཨེ་ཕེ་སུ་པ་ 2:20།
===================================
January 23, 2026; Friday
ཇན་ཝ་རི་ཚེས་23, 2026། གཟའ་པ་སང་།
གསུང་མགུར་ 16:7-11། འགོད་པ་ 25། མད་ཐཱ་ 7:14-26།
།ཡ་ཧོཝཱས་དུས་རྒྱུན་ནས་རྒྱུན་དུ་རྒྱལ་སྲིད་སྐྱོང་བར་འགྱུར།
འཐེགས་པ་ 15:18།
།ཡ་ཀོབ་བརྒྱུད་ལ་དུས་རྒྱུན་དུ།
།ཁོང་གིས་སྲིད་སྐྱོང་མཛད་པར་འགྱུར།
།ཁོང་གི་རྒྱལ་སྲིད་མཐའ་མེད་འགྱུར།
ལུ་ཀ་ 1:33།
===================================
January 22, 2026; Thursday
ཇན་ཝ་རི་ཚེས་ 22, 2026། གཟའ་ཕུར་པུ།
གསུང་མགུར་ 16:1-6། འགོད་པ་ 24:26-67། མད་ཐཱ་ 9:1-13།
།ཤར་ནུབ་ལྷོ་བྱང་ནས་དེ་དག་བསྡུས།
།ཡྷ་ཝཱའི་བཟང་བ་ཉིད་དང་མིའི་བུ་ཚོར།
།མཛད་པའི་ངོ་མཚར་རྣམས་ཕྱིར་བསྟོད་ན་ལེགས།
གསུང་མགུར་ 107:3, 9།
།དེའི་དུས་སུ་ཁྱེད་མ་ཤི་ཀ་དང་བྲལ་ཏེ། འཇིག་རྟེན་དུ་རེ་བ་མེད་པ་དང་། དཀོན་མཆོག་དང་བྲལ་བ་ཡིན་ནོ། སྔར་ཐག་རིང་དུ་ཡོད་པ་ཁྱེད་ཚོ་ད་ལྟ་མ་ཤི་ཀ་ཡེ་ཤུའི་ངང་ན། མ་ཤི་ཀའི་སྐུ་ཁྲག་གི་སྒོ་ནས་ཁྱེད་ཚོ་ཐག་ཉེ་བར་གྱུར་ཏོ།
ཨེ་ཕེ་སུ་པ་ 2:12-13།
===================================
January 21, 2026; Wednesday
ཇན་ཝ་རི་ཚེས་ 21, 2026། གཟའ་ལྷག་པ།
གསུང་མགུར་ 15། འགོད་པ་ 23:1--24:25། མད་ཐཱ་ 8:23-24།
།བདག་གི་སེམས་ཉིད་དཀོན་མཆོག་ཕྱིར་།
།གསོན་པོའི་དཀོན་མཆོག་ཕྱིར་སྐོམ་མོ།
།དཀོན་མཆོག་དྲུང་ང་ནམ་སླེབ་འོང་།
གསུང་མགུར་ 42:2།
ལུས་ཀྱི་ཁང་པའི་ནང་ཡོད་རིང་དུ་གཙོ་བའི་དྲུང་དུ་མེད་པར་ཤེས་ཀྱང་། མིག་གིས་མཐོང་བ་ལྟར་མི་སྤྱོད་པར་དད་པ་ལྟར་སྤྱོད་པས། ང་ཚོ་རྒྱུན་དུ་སྙིང་སྟོབས་དང་ལྡན་ནོ།
2 ཀོ་རིན་ཐུ་པ་ 5:6-7།
===================================
January 20, 2026; Tuesday
ཇན་ཝ་རི་ཚེས་ 20, 2026། གཟའ་མིག་དམར།
གསུང་མགུར་ 14། འགོད་པ་ 22། མད་ཐཱ་ 8:5-22།
།རྨི་ལམ་མང་མང་དང་། གཏམ་མང་མང་གི་ནང་ན་སྙིང་པོ་མེད་པ་སྣ་ཚོགས་ཡོད།
སྟོན་པའི་མདོ་ 5:7།
།ང་ཚོས་ཁྱེད་ཚོར་གཙོ་བོ་ཡེ་ཤུ་མ་ཤི་ཀའི་དབང་དང་སླར་འབྱོན་པར་བཤད་པའི་ཚེ་མཁས་པས་སྒྲིགས་པའི་སྒྲུངས་མ་བཤད་པར། ཁོང་གི་ཆེ་བ་ང་ཚོས་མིག་གིས་མངོན་སུམ་དུམཇལ་ཏེ་བརྗོད་པ་ཡིན།
2 པེ་ཏྲོ་ 1:16།
===================================
January 19, 2026; Monday
ཇན་ཝ་རི་ཚེས་ 19, 2026། གཟའ་ཟླ་བ།
གསུང་མགུར་ 13། འགོད་པ་ 21། མད་ཐཱ་ 7:24--8:4།
།དེ་རིང་ཡ་ཧོ་ཝཱའི་ཐུགས་བརྟག་ཞུས་ཤིག
2 སྔོན་རབས་ 18:4།
ཡེ་ཤུས། ངས་སྨྲས་པའི་བཀའ་ནི་ཐུགས་ཉིད་དང་གསོན་པ་ཡིན་ཞེས་གསུངས་སོ།
ཡོ་ཧ་ནན་ 6:63།
===================================
January 18, 2026; Sunday
ཇན་ཝ་རི་ཚེས་ 18, 2026། གཟའ་ཉི་མ།
བདུན་ཞག་གི་གསུང་།
།ཉིད་ཀྱི་སྲས་ང་ཚོའི་གཙོ་བོ་ཡེ་ཤུ་མ་ཤི་ཀ་དང་འགྲོགས་ཕྱིར་ཁྱེད་ཚོ་བོས་པར་མཛད་པའི་དཀོན་མཆོག་ནི་བསླུ་མེད་ལགས་སོ།
1 ཀོ་རིན་ཐུ་པ་ 1:9།
ཡེ་ཤ་ཡཱ་ 49:1-7། གསུང་མགུར་ 40:1-11། 1 ཀོ་རིན་ཐུ་པ་ 1:1-9། ཡོ་ཧ་ནན་ 1:29-42།
།ཡང་ཁྱེད་ཀྱི་ཇོ་བོར་ཞི་བདེ་དང་། དྲང་བ་ཉིད་ནི་ཁྱོད་ཀྱི་ལྡིང་དཔོན་རྣམས་བྱའོ།
ཡེ་ཤ་ཡཱ་ 60:17།
།དཀོན་མཆོག་ཡབ་དང་སྲས་ཡེ་ཤུ་མ་ཤི་ཀའི་ཐུགས་རྗེ་དང་སྙིང་རྗེ་དང་ཞི་བདེ་ང་ཚོའི་ནང་བདེན་པ་དང་བྱམས་སེམས་མཉམ་དུ་ཡོད་པར་འགྱུར་རོ།
2 ཡོ་ཧ་ནན་ 3།
===================================
January 17, 2026; Saturday
ཇན་ཝ་རི་ཚེས་ ༡༧/༢༠༢༦།
གཟའ་སྤེན་པ།
གསུང་མགུར་ ༡༢།
འགོད་པ་༡༩:༣༠--༢༠:༡༨།
མད་ཐཱ་ ༧:༡༣--༢༣།
།ཡ་ཧོ་ཝཱ་ཁྱེད་ངའི་སྐྱབས་གནས་ཡིན།
གསུང་མགུར་ ༩༡:༩།
།བར་ཏི་མ་བྱ་བ་ཞར་བ་དེས། ན་ཙ་རེད་པ་ཡེ་ཤུ་ལགས་པར་ཐོས་ནས། ད་བིད་ཀྱི་སྲས་ཡེ་ཤུ་ལགས། ང་ལ་ཐུགས་བརྩེ་བར་དགོངས་ཞེས་འབོད་བསྒྲགས་སོ།
མར་ཀུ་ ༡༠:༤༧།
===================================
January 16, 2026; Friday
ཇན་ཝ་རི་ཚེས་ ༡༦/༢༠༢༦།
གཟའ་པ་སང་།
གསུང་མགུར་ ༡༡།
འགོད་པ་ ༡༩:༡--༢༩།
མད་ཐཱ་ ༧:༡--༡༢།
།དཀོན་མཆོག་ནི་ཁྱེད་དང་འགྲོགས་པའི་སྐད་ཆ་ང་ཚོས་ཐོས་པས། ངེད་ཁྱེད་དང་སྡོངས་ནས་འགྲོ་བར་བྱའོ།
ཟེ་ཀར་ཡཱ་ ༨:༢༣།
ཡ་ཧུ་དཱ་པ་ཡིན་རུང་ལྷ་ཆོས་པ་ཡིན་རུང་། ཚེ་གཡོག་པ་ཡིན་རུང་། རང་དབང་ཅན་ཡིན་རུང་། ང་ཚོ་ཐམས་ཅད་ལུས་གཅིག་ཏུ་འགྱུར་ཕྱིར་ཐུགས་ཉིད་གཅིག་གི་ཁྲུས་བླངས། ཐུགས་ཉིད་ཀྱི་སྐྱེམས་ཀྱང་བཏུང་ངོ།
༡ ཀོ་རིན་ཐུ་པ་ ༡༢:༡༣།
===================================
January 15, 2026; Thursday
ཇན་ཝ་རི་ཚེས་ ༡༥/༢༠༢༦།
གཟའ་ཕུར་པུ།
གསུང་མགུར་༡༠:༡༢--༡༨།
འགོད་པ་ ༡༨།
མད་ཐཱ་ ༦:༡༩--༣༤།
།ཤོག་ཅིག་ངེད་ཀྱིས་ཡྷ་ཝཱེར་སྟོད་དབྱངས་བྱ།
།ཐར་པའི་བྲག་དྲུངསྐྱིད་པའི་ཀུ་ཐེག་ཅིག །
གསུང་མགུར་ ༩༥:༡།
།ཁྱེད་ཀྱི་མཛད་པ་དྲང་པོ་རྣམས་མངོན་བྱུང་བས། མི་བརྒྱུད་ཀུན་འོངས་ནས་ཁྱེད་ལ་སྙེན་བཀུར་བྱེད་པར་འགྱུར།
མངོན་པ་༡༥:༤།
===================================
January 14, 2026; Wednesday
ཇན་ཝ་རི་ཚེས་ 14, 2026། གཟའ་ལྷག་པ།
གསུང་མགུར་ 10:1-11། འགོད་པ་ 16, 17། མད་ཐཱ་ 6:5-18།
།ཡ་ཧོ་ཝཱ་ལ་འཇིགས་མཁན་རྣམས་ཀྱི་ཕྱོགས་བཞི་རུ།
།ཁོང་གི་ཕོ་ཉས་དམག་སྒར་ཤོམ་ཞིང་དེ་དག་སྐྱོབ།
གསུང་མགུར་ 34:7།
།མཚན་མོར་གཙོ་བོའི་ཕོ་ཉས་བཙོན་ཁང་གི་སྒོ་རྣམས་ཕྱེས་ནས་དེ་དག་ཕྱི་རོལ་དུ་ཁྲིད་ནས་འདི་སྐད་དུ། སོང་ལ་མཆོད་ཁང་དུ་ལངས་ནས་མི་སྡེ་ལ་ཚེ་གསར་པ་འདིའི་གཏམ་ཐམས་ཅད་ཤོད་ཅིག །
མཛད་པ་ 5:19-20།
===================================
January 13, 2026; Tuesday
ཇན་ཝ་རི་ ༡༣/༢༠༢༦། གཟའ་མིག་དམར།
གསུང་མགུར་ ༩:༡༡--༢༠། འགོད་པ་ ༡༤,༡༥། མད་ཐཱ་ ༥:༤༣--༦:༤།
།ད་ལྟ་ཡ་ཧོཝཱས། དེ་ལྟར་མིན། ང་ལ་བཀུར་སྟི་བྱེད་པའི་མི་ལ་ངས་ཀྱང་བཀུར་སྟི་བྱ། ང་ལ་སྨད་པའི་མི་ལ་ངས་ཀྱང་སྨད་པར་བྱའོ་ཞེས་གསུངས་སོ།
༡ ཤ་མུ་ཨེལ་ ༢:༣༠།
།ཡེ་ཤུས་བཀའ་ལན་དུ། ང་ལ་གཅེས་པ་དེས་ངའི་བཀའ་སྲུང་ངོ་། །དེ་ནས་ངའི་ཡབ་ཀྱིས་ཁོ་ལ་བྱམས་ཤིང་། ང་ཚོ་དེའི་རྩར་ཕེབས་ནས། ཁོ་དང་མཉམ་དུ་བཞུགས་པར་འགྱུར་རོ།
ཡོ་ཧ་ནན་༡༤:༢༣།
===================================
January 12, 2026; Monday
ཇན་ཝ་རི་ཚེས་ 12, 2026། གཟའ་ཟླ་བ།
གསུང་མགུར་ 9:1-10། འགོད་པ་ 12:10--13:18། མད་ཐཱ་ 5:27-42།
།ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱི་དྲུང་དུ་མང་པོའམ་ཤེད་མེད་གང་ལ་ཡང་ར་མདའ་མཛད་པར་མི་དཀའོ།
2 སྔོན་རབས་ 14:11།
།ཡེ་ཤུས་འགོང་པོ་ལ་བཀྱོན་པས། ཁྱེའུ་སོས་པར་མཛད་དེ་ཕ་ལ་གནང་ངོ་།
ལུ་ཀ་ 9:42།
===================================
January 11, 2026; Sunday
ཇན་ཝ་རི་ཚེས་ 11, 2026། གཟའ་ཉི་མ།
བདུན་ཞག་གི་གསུང་།
།སྣད་པའི་འདམ་བུའང་དེས་མི་གཅག། སྡོང་རས་འོད་ཀྱེམ་པའང་མི་གསད། དྲང་བ་ཉིད་བཞིན་དུ་བཀའ་ཁྲིམས་གཏན་ལ་འབེབས་པར་འགྱུར།
ཡེ་ཤ་ཡཱ་ 42:3།
ཡེ་ཤ་ཡཱ་ 42:1-9། གསུང་མགུར་ 29། མཛད་པ་ 10:34-43། མད་ཐཱ་ 3:13-17།
།དཀོན་མཆོག་ཡྷ་ཝཱེ་དཀོན་མཆོག་གིས་གསུངས་ཏེ།
།ཤར་ནས་ནུབ་ཐུག་ས་གཞི་ལ་བོས་མཛད།
གསུང་མགུར་ 50:1།
།འཇིག་རྟེན་ཀུན་ལ་སོང་ལ་མི་ཐམས་ཅད་ལ་ཕྲིན་བཟང་ཤོད་ཅིག
མར་ཀུ་ 16:15།
===================================
January 10, 2026; Saturday
ཇན་ཝ་རི་ཚེས་ 10, 2026། གཟའ་སྤེན་པ།
གསུང་མགུར་ 8། འགོད་པ་ 11:10--12:9། མད་ཐཱ་ 5:17-26།
།ཡ་ཧོ་ཝཱ་ལ་ངོ་ལོག་བྱེད་ཅིང་དེ་རིང་ཡ་ཧོ་ཝཱ་ལ་རྒྱབ་སྟོན་པ་མ་སྲིད་ཅིག
ཡོ་ཤུ་ཨ་ 22:29།
།ཁྱོད་རང་དང་ཁྱོད་ཀྱི་གདམས་ངག་ལ་བྱ་ར་བྱེད་ཅིང་དེ་ལ་བརྟན་པོར་གནས་པར་གྱིས་ཤིག །དེ་ནས་ཁྱོད་རང་དང་ཁྱོད་ལ་ཉན་མཁན་གཉིས་པོ་ཐར་བར་འགྱུར་རོ།
1 ཏི་མོ་ཐིའུ་ 4:16།
===================================
January 9, 2026; Friday
ཇན་ཝ་རི་ཚེས་ 9, 2026། གཟའ་པ་སང་།
གསུང་མགུར་ 7:10-17། འགོད་པ་ 10:1--11:9། མད་ཐཱ་ 5:11-16།
།དེ་དག་གི་སེམས་སྡུག་ནི་དགའ་མགུར་འགྱུར་བར་བྱའོ།
ཡེ་རེམ་ཡཱ་ 31:13།
ཁྱེད་ཚོ་ང་ཚོ་དང་སྐྱིད་སྡུག་གཅིག་པ་ཡིན་པས། ཁྱེད་ཚོའི་ཕྱིར་ང་ཚོའི་རེ་བ་མི་གཡོའོ།
2 ཀོ་རིན་ཐུ་པ་ 1:7།
===================================
January 8, 2026; Thursday
ཇན་ཝ་རི་ཚེས་ ༨/༢༠༢༦།
གཟའ་ཕུར་པུ།
གསུང་མགུར་ ༧:༡--༩།
འགོད་པ་ ༩།
མད་ཐཱ་ ༤:༡༢--༢༥།
།ཀྱེ་ཡ་ཧོ་ཝཱ་དཀོན་མཆོག །ཁྱེད་ཀྱིས་ཉིད་ཀྱི་མངའ་ཐང་དང་ཕྱག་མཐུ་ལྡན་ནི་ཉིད་ཀྱི་བྲན་པོ་ལ་སྟོན་པར་བརྩམས།
བཀའ་ལུང་ ༣:༢༤།
།ཡབ་ལགས། ཁྱེད་ཀྱིས་ང་ལ་བྱམས་ཤིང་སྩལ་བའི་དཔལ་བརྗིད། དེ་ཚོས་མཐོང་བའི་ཕྱིར། ཁྱེད་ཀྱིས་ང་ལ་གནང་བ་རྣམས་ཀྱང་ང་ཡོད་སར་མཉམ་དུ་ཡོད་པར་དགའོ།
ཡོ་ཧ་ནན་ ༡༧:༢༤།
===================================
January 7, 2026; Wednesday
ཇན་ཝ་རི་ཚེས་ ༧/༢༠༢༦།
གཟའ་ལྷག་པ།
གསུང་མགུར་ ༦།
འགོད་པ་ ༧:༡༡--༨:༢༢།
མད་ཐཱ་ ༤:༡--༡༡།
།རང་གི་ལམ་ངན་པ་རྣམས་ནས་ལོག་ཅིག །ཀྱེ་ཡིས་ར་ཨེལ་གྱི་ཕ་སྤད། ཁྱོད་ཅག་ཅི་ལ་འཆི་བར་འདོད།
ཨེ་ཟེ་ཀི་ཨེལ་ ༣༣:༡༡།
།བདེན་པ་སྤྱོད་པ་དེ། དཀོན་མཆོག་གི་ཞལ་ངོར་བྱས་པའི་རང་གི་ལས་མངོན་པའི་དོན་དུ་། འོད་ཀྱི་དྲུང་དུ་འོང་ངོ།
ཡོ་ཧ་ནན་ ༣:༢༡།
===================================
January 6, 2026; Tuesday
ཇན་ཝ་རི་ཚེས་༦/༢༠༢༦།
གཟའ་མིག་དམར།
Epiphany of the Lord
།སྐྱབས་མགོན་ཡེ་ཤུ་མངོན་པའི་དུས་ཆེན།
ཡེ་ཤ་ཡཱ་༦༠:༡--༦།
གསུངམགུར་༧༢:༡-༧,༡༠:༡༤།
ཨེ་ཕེ་སུ་པ་ ༣:༡--༡༢།
མད་ཐཱ་༡:༡༢།
སྐྱབས་མགོན་ཡེ་ཤུ་མངོན་པའི་དུས་ཆེན་གྱི་གསུང་།
།ཁྱོད་ཀྱི་འོད་བྱོན་ཞིང་། ཡ་ཧོ་ཝཱའི་གཟི་བརྗིད་ཁྱོད་ཀྱི་ཁར་ཤར་བས། ད་ལོངས་ལ་ཕྲོ་བར་བྱོས་ཤིག
ཡེ་ཤ་ཡཱ་ ༦༠:༡།
------------------
གསུང་མགུར་ ༥།
འགོད་པ་ ༦:༡--༧:༡༠།
མད་ཐཱ ༣།
།རྒྱ་མཚོའི་ང་རྒྱལ་ཐོག་ཏུ་ཁྱེད་ཀྱིས་དབང་སྲིད་མཛད།
།དེ་ལས་རྦ་རླབས་ལང་དུས་ཁྱེད་ཀྱིས་ཞི་བར་མཛད།
གསུང་མགུར་ ༨༩:༩།
།ཡེ་ཤུས། དད་ཆུང་ཁྱེད། ཅི་ལ་འཇིགས། གསུངས་ནས་བཞེངས་ཏེ། རླུང་དང་མཚོ་ལ་བཀའ་ཀྱོན་པས་དེ་དག་ཡོངས་སུ་ཞི་བར་འགྱུར་ཏོ།
མད་ཐཱ་ ༨:༢༦།
ཇན་ཝ་རི་༦/༢༠༢༦,གཟའ་མིག་དམར།
མངོན་པའི་དུས་ཆེན་གྱི་གསུང་
མད་ཐཱ་ ༢:༡--༡༢།
===================================
January 5, 2026; Monday
ཇན་ཝ་རི་ཚེས་ 5, 2026། གཟའ་ཟླ་བ།
གསུང་མགུར་ 4། འགོད་པ་ 5། མད་ཐཱ་ 2:13-23།
།ཡྷ་ཝཱེ་ཉིད་ཀྱི་མི་སྡེའི་སྟོབས་ཡིན།
གསུང་མགུར་ 28:8།
།ང་ཚོར་བྱམས་ཤིང་ཐུགས་རྗེའི་སྒོ་ནས་མཐའ་མེད་པའི་སེམས་བདེ་བ་དང་རེ་བཟང་གནང་བའི། གཙོ་བོ་ཡེ་ཤུ་མ་ཤི་ཀ་ཁོང་ཉིད་དང་། ང་ཚོའི་ཡབ་དཀོན་མཆོག་གིས། ཁྱེད་ཚོའི་ཡིད་ལ་བདེང་གནང་ནས། དགེ་བའི་ལས་དང་ངག་ལ་བརྟན་པར་མཛད་པར་ཤོག་ཅིག །
2 ཐེ་ས་ལོ་ནི་ཀེ་པ་ 2:16-17།
===================================
January 4, 2026 Sunday
ཇན་ཝ་རི་ཚེས་ ༤/༢༠༢༦།
གཟའ་ཉི་མ།
བདུན་ཞག་གི་གསུང་།
།ཁོང་གི་མཚན་འབའ་ཞིག་ཕགས་པ་ལགས་ཤིང་།
།གནམ་ས་གཉིས་ལས་ཁོང་གི་ཟིལ་མཐོ་བས།
།དེ་རྣམས་ཀྱིས་ཡྷ་ཝཱེའི་མཚན་ལ་སྟོད་ཅིག །
གསུང་མགུར་ ༡༤༨:༡༣།
ཡེ་རེམ་ཡཱ་༣༡:༧--༡༤།
གསུང་མགུར་ ༡༤༧:༡༢--༢༠།
ཨེ་ཕེ་སུ་པ་ ༡:༣--༡༤།
ཡོ་ཧ་ནན་༡(༡-༩)༡༠--༡༨།
།ཡྷ་ཝཱེའི་ཕྱིར་དུ་བདག་ནི་བསྲན་ཞིང་བསྒུགས།
།ང་ལ་གཟིགས་ཤིང་འོ་དོད་གསན་མཛད་དོ།
གསུང་མགུར་ ༤༠:༡།
།ནད་པ་དེས་ཡེ་ཤུ་ལ་ཞུ་ལན་དུ། ཇོ་བོ། ཆུ་འགུལ་དུས་སུ་ང་རྫིང་བུའི་ནང་དུ་འཇུག་མཁན་མེད་པས། ང་སླེབ་པའི་བར་གཞན་ཞིག་འབབ་བོ་ཞུས་སོ། ཡེ་ཤུས། ལོངས། ཉལ་ཁྲི་ཁུར་ཏེ་འགྲུལ་གསུངས་སོ།
ཡོ་ཧ་ནན་༥:༧--༨།
===================================
January 3, 2026 Saturday
ཇན་ཝ་རི་ཚེས་༣/༢༠༢༦།
གཟའ་སྤེན་པ།
གསུང་མགུར་ ༣།
འགོད་པ་ ༣,༤།
མད་ཐཱ་༢:༡--༡༢།
།ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱི་སྤྱན་གྱིས་དྲང་པོ་ལ་མི་གཟིགས་སམ།
ཡེ་རེམ་ཡཱ་ ༥:༣།
།གཅེས་པ་ཁྱོད་ཀྱིས་སྤུན་རྣམས་དང་ཁྱད་པར་དུ་རྒྱལ་ཁམས་པ་ལ་བདག་རྐྱེན་བྱས་པ་ནི་ལས་བཟང་པོ་བྱས་པ་ཡིན་ནོ།
༣ ཡོ་ཧ་ནན་༥།
===================================
January 2, 2026 Friday
ཇན་ཝ་རི་ཚེས་༢/༢༠༢༦།
གཟའ་པ་སང་།
གསུང་མགུར་ ༢།
འགོད་པ་ ༢:༤--༢༥།
མད་ཐཱ་ ༡:༡༨--༢༥།
།ཡ་ཧོ་ཝཱ་ལ་འཇིགས་པའི་མི་ཆེན་དང་།
།མི་ཆུང་གཉིས་པོར་བྱིན་གྱིས་རློབ་པར་འགྱུར།
གསུང་མགུར་ ༡༡༥:༡༣།
ངན་ལན་ངན་གྱིས་མི་འཇལ་ཞིང་། ཚིག་ངན་གྱི་ལན་ལ་ཚིག་ངན་མི་ཟེར་བར་བྱིན་གྱིས་རློབས་ཤིག །
༡ པེ་ཏྲོ་ ༣:༩།
===================================
January 1, 2026 Thursday
ཇན་ཝ་རི་ཚེས་༡/༢༠༢༦།
གཟའ་ཕུར་པུ།
གསུང་མགུར་ ༡:༡--༡༧།
འགོད་པ་ ༡:༡--༢:༣།
མད་ཐཱ་ ༡:༡--༡༧།
།ཁོང་གིས་ཉིད་ཀྱི་འབངས་ཀྱི་སྨད་པ་ནི་ས་གཞི་ཐམས་ཅད་ལས་འཁྱེར་བར་འགྱུར།
ཡེ་ཤ་ཡཱ་ ༢༥:༨།
།ཁོང་གི་སྒོ་ནས་ང་ཚོ་འཚོ་བའི་དོན་དུ། དཀོན་མཆོག་གིས་ཉིད་ཀྱི་སྲས་གཅིག་པུ་འཇིག་རྟེན་ལ་གནང་བ་དེ་ལས། ང་ཚོའི་ཕྱིར་དཀོན་མཆོག་གི་བྱམས་པ་མངོན་ནོ།
༡ཡོ་ཧ་ནན་ ༤:༩།