འདི་རིང་ངི་ རྒྱུན་སྒྲོག
August 5, 2026 Wednesday
ཨ་གསཊ་ཚེས་ 5, 2026། གཟའ་ལྷག་པ།
གསུང་མགུར་ 92:9-15། ཡོ་ཤུ་ཨ་ 12:1--13:7། ལུ་ཀ་ 13:31--14:6།
།དེར་གིད་ཡོན་གྱིས་ཁོང་ལ། བདག་གི་གཙོ་བོ་ལགས། གལ་ཏེ་ཡ་ཧོ་ཝཱ་བདག་ཅག་དང་འགྲོགས་ན། འདི་ཐམས་ཅད་བདག་ཅག་ལ་ཅི་ལ་བྱུང་ཞུས།
ཁྲིམས་དཔོན་ 6:13།
།དགའ་མགུ་རང་ཞིག །ད་ལྟ་རེ་ཞིག་གི་ཕྱིར་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་མྱང་བ་དེ། ཁྱེད་ཀྱི་དད་པ་བཅོས་མ་མ་ཡིན་པ་གསེར་ལས་རིན་ཐང་ཆེ་བ་དེ། མེས་སད་ནས། ཡེ་ཤུ་མ་ཤི་ཀ་མངོན་པའི་ཚེ། བསྟོད་པ་དང་དཔལ་དང་བཀུར་སྟི་འབྱུང་བའི་ཕྱིར་ཡིན་ནོ།
1 པེ་ཏྲོ་ 1:6-7།
མོ་ར་ཝིའན་ ཆོས་ཚོགས་སི་ ཉི་མ་ རེ་རེའི་ རྒྱུན་སྒྲོག་གི་ སྐོར།
འཇིག་རྟེན་ གང་པོའི་ མ་ཤི་ཀ་པའི་ མོ་ར་ཝིའན་ ཆོས་ཚོགས་ཀུན་ནི་ནང་ང་ ཞག་ རེ་རེ་ཕིའ་ དཀོན་མཆོག་གི་ དམ་པའི་ གསུང་རབ་བི་ནང་ནས་ གསུང་ འདམས་མཁན་ཀུན་ སིལ་ཅེས་སི་ ཚུལ་ཞིག་ ཡོད་དེ་ཡིན་ནོག །འདི་ གསུང་ཀུན་ལ་ ཉིན་རེའི་ རྒྱུན་སྒྲོག་ (ཡིན་ཇིའི་སྐད་དི་ནང་ང་ Watchwords) ཟེར་ར་ནོག །མོ་ར་ཝིའན་ནི་ སྤུན་དང་སྤུན་མ་ ཚང་མའ་ འདི་ རྒྱུན་སྒྲོག་ བཀྲམ་ཅེས་སི་ ཚུལ་བོ་ སྤྱི་ལོ་ 1722 ནང་ང་ འགོ་འཛུག་ཏེ། སྤྱི་ལོ་ 1731 ནས་ ཕར་ལ་ ལོ་ གང་པོའི་ཕིའ་ རྒྱུན་སྒྲོག་བོ་ པར་ལ་ རྒྱབ་ཅེས་ འགོ་འཛུག་ཏེ། དག་ས་ ཚུག་པ་ དེ་ ཚུལ་བོ་ འགྲུལ་འིན་ ཡོངས་ཏེ་ ཡིན་ནོག
འདི་ རྒྱུན་སྒྲོག་བོ་ འཇིག་རྟེན་ནི་ སྐད་སྣ་ 50 སང་ མང་ང་ཀུན་ནི་ནང་ང་ སྒྱུར་ཏེ་ ཧ་ལམ་ དཔེ་ཆ་ ས་ཡ་ གཅིག་དང་ཕེད་ (15,00,000) ཐལ་ཞིག་ ལོ་ཞུང་ པར་ལ་ རྒྱབ་བ་ནོག
འདི་ སྤྱི་ལོའི་ཕིའ་ རྒྱུན་སྒྲོག་ཀུན་ བོད་སྐད་ ཡང་ན་ ལ་དྭགས་ ཆོས་སྐད་དི་ནང་ང་ སྒྱུར་ཏེ་ ཡིན་ནོག །རྒྱུན་སྒྲོག་གི་ གསུང་ཀུན་ "ཡུ་ན་འི་ཏྲད་ བཱ་འི་བལ་ སོ་སའི་ཏྲིས་སིས་" 1948 དང་ 1968 ནང་ང་ པར་ལ་ རྒྱབས་མཁན་ནི་ དམ་པའི་གསུང་རབ་བི་ནང་ནས་ ནེན་ཏེ་ ཡིན་ནོག
འདི་ སྤྱི་ལོའི་ཕིའ་ རྒྱུན་སྒྲོག་ཀུན་ འདི་ (web page) དྲ་ངོས་སི་ཀ་ སིལ་ཐུབ་བ་ནོག་ ཡང་ ཕབ་ཐུབ་བ་ནོག
དཀོན་མཆོག་གི་ བྱིན་རླབས་ དང་ ཁོང་ངི་ ཕྱོགས་ནས་ སེམས་སྟོབས་ ཐོབ་བྱེས་སི་ཕིའ་ ཉེ་རང་ངིས་འང་ ཞག་ཏང་ རྒྱུན་སྒྲོག་བོ་ སིལ་ལ་མཛད་འཇུ།
ཐུགས་རྗེ་ཆེ།