August 17, 2024; Saturday
ཨ་གསཊ་ཚེས་ 17, 2024; གཟའ་སྤེན་པ།
གསུང་མགུར་ 101། ཁྲིམས་དཔོན་ 1:17-23། ལུ་ཀ་ 18:18-23།
དཱ་བིད་ཀྱིས། ཁྱེད་ཀྱི་བཀའ་ཆིད་དང་ཁྱེད་ཀྱི་ཐུགས་བཞིན་ཁྱེད་ཀྱིས་བྱ་བ་ཆེན་པོ་དེ་ཐམས་ཅད་བསྒྲུབ་པར་མཛད་པ་ཡིན། ཞེས་གསོལ་བ་བཏབ་བོ།
2 ཤ་མུ་ཨེལ་ 7:21།
ཁྱེད་ཚོ་མ་ཤི་ཀའི་ཡིན་པས། ཨབ་ར་ཧམ་གྱི་བུ་བརྒྱུད་དང་།ཞལ་ཆད་དང་བསྟུན་ཏེ་བརྒྱུད་འཛིན་ཡིན་ནོ།
ག་ལད་ཡཱ་པ་ 3:29།
===================================
August 16, 2024; Friday
ཨ་གསཊ་ཚེས་ ༡༦/༢༠༢༤; གཟའ་པ་སང་།
གསུང་མགུར་ ༡༠༠། ཡོ་ཤུ་ཨ་ ༢༤:༡༤། ཁྲིམས་དཔོན་ ༡:༡༦། ལུ་ཀ་ ༡༨:༡༧།
ཁྱོད་ཀྱི་ཕ་མ་གཉིས་ལ་བཀུར་སྟི་བྱོས་ཤིག
འཐེགས་པ་ ༢༠༡༢།
མ་ཤི་ཀས་དཀོན་མཆོག་གི་དཔལ་བརྗིད་གྱི་དོན་དུ་ཁྱེད་བསུ་བ་ལྟར་ཕན་ཚུན་བསུས་ཤིག
རོ་མ་པ་ ༡༥:༧།
===================================
August 15, 2024; Thursday
ཨ གསཊ་ཚེས་ ༡༥/༢༠༢༤; གཟའ་ཕུར་པུ།
གསུང་མགུར་ ༩༩། ཡོ་ཤུ་ཨ་ ༢༣:༡--༢༤:༡༣། ལུ་ཀ་ ༡༧:༢༦--༣༧།
ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་ཏེ། ཁྱེད་ཀྱིས་དེ་དག་ལ་ཚེ་གཡོག་མི་བྱེད་པའི་ཕྱིར་ངས་ཁྱེད་མི་སེར་ཡུལ་གྱི་ཕྱི་རོལ་དུ་ཁྲིད་དེ། ཁྱོད་ཀྱི་གཉའ་ཤིང་གི་བང་ཐག་བཅད་ནས་ཐེར་ལངས་ཏེ་འགྲུལ་བར་བྱས་སོ།
ལེ་་ཝི་ ༢༦:༡༣།
དཔོན་པོས་ཅི་བྱེད་པ་གཡོག་པོས་མི་ཤེས་པས། ད་ངས་ཁྱེད་ལ་གཡོག་པོ་མི་ཟེར་རོ། ངས་ཁྱེད་ལ་མཛའ་བོ་ཟེར་རོ།
ཡོ་ཧ་ནན་ ༡༥:༡༥།
===================================
August 14, 2024; Wednesday
ཨ་གསཊ་ཚེས་ ༡༤/༢༠༢༤; གཟའ་ལྷག་པ།
གསུང་མགུར་ ༩༨། ཡོ་ཤུ་ཨ་ ༢༢། ལུ་ཀ་ ༡༧:༢༠--༢༥།
ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་འབྲོག་སྟོང་ཆེན་པོ་འདི་རུ་རྒྱུ་བ་ལ་ཐུགས་རྗེ་གཟིགས་སོ།
བཀའ་ལུང་ ༢:༧།
ལག་རྩ་ལོད་པདང་པུས་མོ་ཤེད་མེད་རྣམས་སྲོང་ཞིག
ཨིབ་རི་པ་ ༡༢:༡༢།
===================================
འཁྲུངས་ལོ་ 1727 ཨ་གསཊ་ཚེས་ 13 ཉིན་ ཧེརན་ཧུཊ་ལ་ མོ་ར་ཝིའན་ ཆོས་ཚོགས་ལ་དམ་པའི་ཐུགས་ཉིད་བབ་པའི་དུས་ཆེན།
ཡོ་ཤུ་ཨ་ 24:16-24། གསུང་མགུར་133། 1 ཡོ་ཧ་ནན་ 4:1-13། ཡོཧ་ནན་ 17:1-2,6-19།
August 13, 2024; Tuesday
ཨ་གསཊ་ཚེས་ 13, 2024; གཟའ་མིག་དམར།
གསུང་མགུར་ 97:9-17། ཡོ་ཤུ་ཨ་ 21:9-25། ལུ་ཀ་ 17:11-19།
།ཡྷ་ཝཱེར་གསར་བའི་མགུར་གླུ་ཞིག་ཕུལ་ཞིག
།ས་གཞི་པ་ཀུན་ཡྷ་ཝཱེར་དབྱངས་ལེན་ཞིག
གསུང་མགུར་ 96:1།
ཉེ་གནས་ཀྱི་ཚོགས་ཚང་མས་སྐད་ཆེན་པོས་དཀོན་མཆོག་ལ་བསྟོད་ཅིང་། གཙོ་བོའི་ཕྱོགས་ནས་འབྱོན་པའི་རྒྱལ་པོ་དཀྲ་ཤིས། ནམ་མཁའ་ལ་ཞི་བདེ། བླ་ན་མེད་པ་རུ་དཔལ། ཞེས་སྨྲས་སོ།
ལུ་ཀ་ 19:37-38།
===================================
August 12, 2024; Monday
ཨ་གསཊ་ཚེས་ 12, 2024; གཟའ་ཟླ་བ།
གསུང་མགུར་ 97:1-6། ཡོ་ཤུ་ཨ་ 19:40-21:8། ལུ་ཀ་ 17:1-10།
།ཁྱེད་ཀྱེ་ཡྷ་ཝཱའི་སྐྱབས་ལ་ངས་རེའོ།
གསུང་མགུར་ 119:166།
བྱ་བ་འདི་རྣམས་ལ་དཔང་པོ་མཛད་མཁན་གྱིས། ང་དོན་མི་ཟ་བར་མྱུར་དུ་འབྱོན་ནོ་ཞེས་གསུང་ངོ་།
མངོན་པ་ 22:20།
===================================
August 11, 2024; Sunday
ཨ་གསཊ་ཚེས་ 11, 2024; གཟའ་ཉི་མ།
བདུན་ཕྲག་གི་གསུང་།
ཡེ་ཤུས། དད་པ་ཅན་ལ་ཚེ་མཐའ་མེད་པ་ཡོད་ཞེས་ངས་བདེན་པར་ཟེར་གསུངས་སོ།
ཡོ་ཧ་ནན་ 6:47།
1 རྒྱལ་རབས་ 19:408། གསུང་མགུར་ 34:1-8། སྟོན་པའི་མདོ་ 4:25-5:2། ཡོ་ཧ་ནན་ 6:35,41-51
ང་ནི་ཕྱི་པའི་མདུན་དུ་ཁྱོད་ཅག་གི་ནང་ན་དམ་པར་རྩི་བར་འགྱུར། ཡང་ངས་ཁྱོད་ཚོའི་ཕ་མེས་པོ་ལ་གནང་དུ་ཕྱག་བཏེགས་པའི་ཡུལ། ཡིས་ར་ཨེལ་གྱི་ཡུལ་ཁམས་ཀྱི་ནང་དུ་ཁྱོད་ཅག་འཁྱེར་བའི་དུས་སུ། ཁོ་བོ་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ།
ཨེ་ཟེ་ཀི་ཨེལ་ 20:41-42།
ནོར་སྐལ་དུ་གནང་རྒྱུའི་ས་ཆར་འགྲོ་ཕྱིར་ཨབ་ར་ཧམ་ལ་བོས་པར་མཛད་པའི་ཚེ། གང་དུ་འགྲོ་བ་མི་ཤེས་ཀྱང་དད་པའི་སྒོ་ནས་བཀའ་ལ་ཉན་ཏོ།
ཨིབ་རི་པ་ 11:8།
===================================
August 10, 2024; Saturday
ཨ་གསཊ་ཚེས་ ༡༠/༢༠༢༤; གཟའ་སྤེན་པ།
གསུང་མགུར་ ༩༦:༡༠--༡༣། ཡོ་ཤུ་ཨ་ ༡༩:༡༠--༣༩། ལུ་ཀ་ ༡༦:༡༦--༣༡།
ང་ཡ་ཧོ་ཝཱས་ཁྲིམས་དྲང་པོ་ལ་སྡུག་པར་འཛིན་པས། འཕྲོག་བཅོམ་གྱི་ སྦྱིན་སྲེག་ལ་འཁོན་དུ་འཛིན་ནོ།
ཡེ་ཤ་ཡཱ་ ༦༡:༨།
གཙོ་བོ་ནི་ལས་དེ་ཐམས་ཅད་ཀྱི་གནོད་ལན་ཡིན་མཁན་ཡིན་པས། སུས་ཀྱང་དེ་ལས་མི་འགལ་ཞིང་། སྤུན་ལ་ལོག་པར་མ་བྱེད་ཅིག
༡ ཐེ་ས་ལོ་ནི་ཀེ་པ་ ༤:༦།
===================================
August 9, 2024; Friday
ཨ་གསཊ་ 9, 2024; གཟའ་པ་སང་།
གསུང་མགུར་ 96:1-9། ཡོ་ཤུ་ཨ་ 18:1-19:9། ལུ་ཀ་ 16:1-15།
གསོད་དུ་འདྲུད་འཁྱེར་བ་རྣམས་སྒྲོལ་བར་བྱོས།
འཆི་ཁར་ཡོད་པ་རྣམས་ལས་རང་གི་
ལག་པ་མ་ཐེན་ཞིག །ཇི་སྟེ་ཁྱོད་ཀྱིས།
ལྟོས་ཤིག །ངེད་ཀྱིས་དེ་མ་ཤེས་སྨྲ་ན།
སྙིང་དཔག་པར་མཛད་པ་དེ་མི་གཟིགས་སམ།
ལེགས་བཤད་ 24:10-12།
ཡན་ལག་གཅིག་ན་བར་འགྱུར་ན་ཡན་ལག་ཐམས་ཅད་མཉམ་དུ་ནའོ།
ཡན་ལག་གཅིག་བཀུར་ན། ཡན་ལག་ཐམས་ཅད་མཉམ་དུ་དགའ་འོ།
1 ཀོ་རིན་ཐུ་པ་ 12:26།
August 8, 2024; Thursday
ཨ་གསཊ་ཚེས་ ༨/༢༠༢༤; གཟའ་ཕུར་པུ།
གསུང་མགུར་ ༩༥།
ཡོ་ཤུ་ཨ་ ༡༦,༡༧།
ལུ་ཀ་ ༡༥:༡༡--༣༢།
ཡ་ཧོ་ཝཱས་ཡོ་སེབ་དང་འགྲོགས་ཏེ་ཁོས་ལས་གང་བྱས་པ་དེ་ལ་ཡང་ཡ་ཧོ་ཝཱས་ཐུགས་རྗེ་གཟིགས་སོ།
འགོད་པ་ ༣༩:༢༣།
ཐུགས་ཉིད་ཀྱི་བྲས་བུ་ནི། བྱམས་པ་དང་། དགའ་སྤྲོ་དང་། ཞི་བདེ་དང་། ཐེག་པ་དང་། སྙིང་རྗེ་དང་།
བཟང་པོ་དང་། ཕྱི་ཐག་རིང་བ་དང་། དུལ་པོ་དང་། བཙུན་པ་ཡིན་ནོ།
ག་ལད་ཡཱ་པ་ ༥:༢༢--༢༣།
===================================
June 28, 2024; Friday
འཇུན་ཚེས་ 28, 2024; གཟའ་པ་སང་།
གསུང་མགུར་ 80:1-7། བཀའ་ལུང་ 7། ལུཀ་ 6:1-11།
།ངའི་སྙིང་ཁོང་ལ་བཏད་ནས་སྐྱབས་མཛད་པས།
།ངའི་སྙིང་ཆེས་དགའ་གླུ་ལེན་ཁོང་ལ་སྟོད།
གསུང་མགུར་ 28:7།
ད་ཡེ་ཤུའི་ངང་ནས་ང་ཚོས་རྟག་ཏུ་ཁོང་གི་མཚན་ཁས་ལེན་པའི་ཁ་ལྤགས་ཀྱི་འབྲས་བུ་ཡིན་པའི་དཀོན་མཆོག་ལ་་བསྟོད་པའི་མཆོད་པ་འབུལ་བའི་རིགས་སོ།
ཨིབ་རི་པ་ 13:15།
===================================
June 9, 2024; Sunday
འཇུན་ཚེས་ 9, 2024; གཟའ་ཉི་མ།
བདུན་ཕྲག་གི་གསུང་།
ངའི་ཞུ་སྐད་དང་གསོལ་འདེབས་ལ་ཀྱེ་ཡ་ཧོཝཱ།
ཁྱེད་སྙན་བཏད་པར་མཛདེ་གསན་པར་མཛོད།
གསུང་མགུར་ 130:2།
འགོད་པ་ 3:8-15། གསུང མགུར་ 130། 2ཀོ་རིན་ཐུ་པ་ 4:13-5:1། མར་ཀུ་ 3:20-35།
བདག་གི་ལམ་རྣམས་ཁོང་གིས་མི་གཟིགས་སམ།
བདག་གི་གོམ་པ་ཀུན་རྩི་མི་མཛད་དམ།
ཡོབ་ 31:4།
དོང་ཙེ་གཉིས་ལ་བྱིའུ་ལྔ་མི་བྲིན་ནམ། དེ་ནས་ཀྱང་དཀོན་མཆོག་གི་སྤྱན་སྔར་གཅིག་ཀྱང་མི་བརྗེད་དོ།
ལུ་ཀ་ 12:6།
===================================
April 25, 2024; Thursday
ཨེབ་རིལ་ཚེས་ 25། གཟའ་ཕུར་པུ།
གསུང་མགུར་ 66:9-15། ལེ་ཝི་ 19:12-20:8། མར་ཀུ་ 6:30-44།
།ཡ་ཧོ་ཝ་ལས་ཐར་པ་འབྱུང་བས་ན།
།ཁྱེད་ཀྱི་མི་སྡེར་བྱིན་གྱིས་རློབས་པར་མཛད།
གསུང་མགུར་ 3:8།
ཡེ་ཤུས་ཕྱགས་བཏེགས་ནས་དེ་ཚོར་བྱིན་གྱིས་བརླབས་སོ།
ལུ་ཀ་ 24:50།
===================================
April 18, 2024; Thursday
ཨེབ་རིལ་ཚེས་ 18, 2024 གཟའ་ཕུར་པུ།
གསུང་མགུར་ 51:7-12། ལེ་ཝི་ 13:47-14:18། མར་ཀུ་ 4:30-41།
ཀྱེ་ཙི་ཡོན་མ་ཁྱེད། ཡིས་ར་ཨེལ་གྱི་དམ་པ་ཉིད་དེ་ནི་ཁྱོད་ཅག་གི་དཀྱིལ་ན་ཆེན་པོ་ཡིན་པས་ན། ཀུ་ཐེག་ཅིང་ལྡིར་སྒྲ་གྱིས་ཤིག
ཡེ་ཤ་ཡཱ་ 12:6།
།བཀའ་དེ་སྐུ་ལུས་ལྡན་པར་སྤྲུལ།
།ང་ཚོའི་ཁྲོད་དུ་བཞུགས་མཛད་དོ།
།གཟི་བརྗིད་ཁོ་ནར་ང་ཚོས་མཐོང་།
ཡོ་ཧ་ནན་ 1:14།
===================================
February 7, 2024; Wednesday
ཕེབ་རུའ་རི་ཚེས་ 7། གཟའ་ལྷག་པ།
གསུང་མགུར་ 21། འགོད་པ་ 37། མད་ཐཱ་ 13:24-35།
།ཡ་ཧོ་ཝཱས་བདག་ནི་དྲག་པོ་བཅུན་མཛད་ཀྱང་།
།འཆི་བའི་དབང་དུ་བདག་ནི་མ་བཏད་དོ།
གསུང་མགུར་ 118:18།
དེར་མི་ན་ནས་ལོ་སོ་བརྒྱད་སོང་བ་ཞིག་ཡོད་དེ། ཡེ་ཤུས་ཁོ་ལ། ལོངས། ཉལ་ཁྲི་ཁུར་ཏེ་འགྲུལ་གསུངས་སོ། །དེ་མ་ཐག་ཁོ་གསོས་ཏེ། ཉལ་ཁྲི་ཁུར་ནས་འགྲུལ་ཏོ།
ཡོ་ཧ་ནན་ 5:5,8-9།
===================================
February 2, 2024; Friday
ཕེབ་རུའ་རི་ཚེས་ 2། གཟའ་པ་སང་།
གསུང་མགུར་ 18:46-50། འགོད་པ་ 32:22-33:20། མད་ཐཱ་ 12:22-32།
མི་མང་པོ་འགྲོ་ཞིང་འདི་སྐད་དུ། ཤོག་ལ། ངེད་ཅག་ཡ་ཧོ་ཝཱའི་རི་ངོར། ཡ་ཀོབ་ཀྱི་དཀོན་མཆོག་གི་ཕོ་བྲང་ལ་ཡར་འདོང་བར་བྱ། ཁོང་གིས་ངེད་ཅག་ལ་ཉིད་ཀྱི་གཤེགས་ལམ་སྟོན་པར་མཛད་པར་འགྱུར། ངེད་ཀྱང་ཁོང་གི་གཤེགས་ལམ་ནང་འགྲུལ་བར་བྱའོ།
ཡེ་ཤ་ཡཱ་ 2:3།
མི་ཚོགས་གཟིགས་ནས་ཡེ་ཤུ་རི་ལ་ཕེབས། གདན་ཆགས་པ་དང་ཉེ་གནས་རྣམས་སྐུ་དྲུང་དུ་འོངས། ཞལ་ཕྱེས་ཏེ་བཀའ་ཆོས་གསུངས།
མད་ཐཱ་ 5:1-2།
===================================
February 1, 2024; Thursday
ཕེབ་རུའ་རི་ ཚེས་ 1། གཟའ་ཕུར་བུ།
གསུང་མགུར་ 18:37-45། འགོད་པ་ 32:1-21། མད་ཐཱ་ 12:9-21།
།མཁས་པ་དཀོན་མཆོག་བཙལ་མཁན་ལ་གཟིགས་ཕྱིར།
།ཡ་ཧོ་ཝཱས་གནམ་ནས་མིའི་བུ་རྣམས་ལ་གཟིགས།
གསུང་མགུར་ 14:2།
ང་ཚོའི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མ་ཤི་ཀའི་ཐུགས་རྗེ་དང་རྟོགས་པའི་ནང་ཆེར་སྐྱེད་ཅིག
2 པེ་ཊོ་ 3:18།
===================================
January 28, 2024; Sunday
ཇན་ཝ་རི་ཚེས་ 28། གཟའ་ཉི་མ།
བདུན་ཕྲག་གི་གསུང་།
།ཡ་ཧོ་ཝཱར་འཇིགས་པ་ཤེས་རབ་ཀྱི་ཐོག་མ་ཡིན།
།དེ་བཞིན་བྱེད་མཁན་ཚང་མ་མཁས་པ་ཡིན།
གསུང་མགུར་ 111:1།
བཀའ་ལུང་ 18:15-20། གསུང་མགུར་ 111། 1 ཀོ་རིན་ཐུ་པ་ 8:1-13། མར་ཀུ་ 1:21-28།
།ཁྱེད་ཀྱིས་མཛད་པའི་མི་རིགས་ཀུན་འོང་ཞིང་།
།ཁྱེད་དྲུང་ཕྱག་འཚལ་བར་བྱ་ཀྱེ་ཡ་ཧོ་ཝཱ།
།ཁྱེད་ཀྱི་མཚན་ལ་བསྟོད་ཅིང་བསྔགས་པར་འགྱུར།
གསུང་མགུར་ 86:9།
རྒྱལ་ཁྲི་ལས་གསུང་སྐད་ཆེན་པོ་ཞིག་གིས། ད་དཀོན་མཆོག་གི་བཞུགས་གནས་མི་རྣམས་དང་མཉམ་དུ་ཡིན་ཏེ། དཀོན་མཆོག་མི་དང་མཉམ་དུ་བཞུགས་པས། དེ་རྣམས་ཁོང་གི་མི་སྡེ་ལ་འགྱུར་ཞིང་དཀོན་མཆོག་ཁོང་ཉིད་དེ་རྣམས་དང་མཉམ་དུ་བཞུགས་པར་འགྱུར་རོ།
མངོན་པ་ 21:3།
===================================
January 24, 2024; Wednesday
ཇན་ཝ་རི་ཚེས་ 24། གཟའ་ལྷག་པ།
གསུང་མགུར་ 17:1-7། འགོད་པ་ 26། མད་ཐཱ་ 9:27-38།
།ས་དང་གནམ་རྣམས་འདའ་འོང་ཁྱེད་ནི་རྟག་ཏུ་བཞུགས།
གསུང་མགུར་ 102:26།
ང་ནི་དུས་ཀྱི་མཐའ་མའི་བར་དུ་ཁྱེད་དང་མཉམ་དུ་ཡོད་དོ་ཞེས་ཡེ་ཤུས་གདམས་པར་མཛད་དོ།
མད་ཐཱ་ 28:20།
===================================
January 13, 2024; Saturday
ཇན་ཝ་རི་ཚེས་ 13། གཟའ་སྤེན་པ།
གསུང་མགུར་ 10:1-11། འགོད་པ་ 16, 17། མད་ཐཱ་ 6:4-18།
།གཟིགས་ཤིག་ངའི་ཚེ་ཐོ་གང་མཛད།
།ཁྱེད་དྲུང་ངའི་ཚེ་ཅི་ཡང་མིན།
།བདེན་པར་མི་ཀུན་ལེགས་སྐབས་ཀྱང་།
།ཡོངས་སུ་མི་རྟག་པ་ཡིན་ནོ།
གསུང་མགུར་ 39:5།
དེའི་ཕྱིར་ང་ཚོས་སྙིང་ཆུང་ མི་བྱེད་པར་ལུས་ནི་རྒུད་ཀྱིན་འགྲོ་ཡང་། སེམས་ནི་ཞག་པར་ཞག་གསར་དུ་འགྲོའོ་ཞེས་པའུ་ལུས་བྲི་སོ།
2 ཀོ་རིན་ཐུ་པ་ 4:16།
===================================
January 12, 2023; Friday
ཇན་ཝ་རི་ཚེས་ 12། གཟའ་པ་སང་།
གསུང་མགུར་ 9:11-20། འགོད་པ་ 14, 15། མད་ཐཱ་ 5:43-6:4།
།ས་གཞིར་ང་རང་བྱེས་པ་ཞིག་ཡིན།
གསུང་མགུར་ 119:19།
ང་ཚོའི་མི་རྟག་པའི་གུར་ཁང་ཞིག་ན། ནམ་མཁའ་རུ་མིའི་ལག་པས་མ་བཟོས་པའི་རྟག་པའི་ཁང་པ་ཞིག་དཀོན་མཆོག་ནས་ང་ཚོར་ཐོབ་འོང་བ་ཤེས་སོ།
2 ཀོ་རིན་ཐུ་པ་ 5:1།
===================================
January 9, 2024; Tuesday
ཇན་ཝ་རི་ཚེས་ 9། གཟའ་མིག་དམར།
གསུང་མགུར་ 7:10-17། འགོད་པ་ 10:1-11:9། མད་ཐཱ་ 5:1-16།
།ས་གཞིའི་མཐའ་མའི་བར་དུ་ཡ་ཧོ་ཝཱས་ཞལ་ཆེ་གཅད།
།ཁོང་ཉིད་ཀྱི་རྒྱལ་པོ་ལ་དབང་སྐུར་བྱ།
1 ཤ་མུ་ཨེལ་ 2:10།
འཇིག་རྟེན་གྱི་སྡིག་པ་འཁྱེར་བའི་དཀོན་མཆོག་གི་ལུག་གུ་དེ་ལ་ལྟོས་ཤིག །
ཡོ་ཧ་ནན་ 1:29།
===================================
January 4, 2024; Thursday
ཇན་ཝ་རི་ཚེས་ 4། གཟའ་ཕུར་པུ།
གསུང་མགུར་ 4། འགོད་པ་ 5། མད་ཐཱ་ 2:13-23།
ཡང་ཕྱི་པ་རྣམས་ཁྱོད་ཀྱི་འོད་དང་། རྒྱལ་པོ་རྣམས་ཁྱོད་ལས་ཕྲོས་པའི་འོད་མདངས་ཀྱི་དྲུང་དུ་འོང་བར་འགྱུར།
ཡེ་ཤ་ཡཱ་ 60:3།
གྲོང་ཁྱེར་དེ་ལ་དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་སྤྲོས་ཏེ། ལུག་གུ་ནི་དེའི་སྣང་གསལ་ལགས་པས།
ཉི་མ་དང་ཟླ་བའི་དགོས་པ་མེད་དོ། །དེའི་འོད་ལ་མི་བརྒྱུད་རྣམས་འགྲུལ་བར་འགྱུར།
མངོན་པ་ 21:23-24།
===================================
January 3, 2024; Wednesday
ཇན་ཝ་རི་ཚེས་ 3། གཟའ་ལྷག་པ།
གསུང་མགུར་ 3། འགོད་པ་ 3, 4། མད་ཐཱ་ 2:1-12།
ཡང་བ་ལ་ཨམ་གྱིས་བ་ལག་གི་གཡོག་པོ་རྣམས་ལ་ཟེར་པ། བ་ལག་གིས་རང་གི་ཁང་པ་དངུལ་དང་གསེར་གང་བ་དེ་ང་ལ་གནང་ཡང་། ངས་ཡ་ཧོ་ཝཱ་ངའི་དཀོན་མཆོག་གིས་བཀའ་ལས་ཐལ་ཏེ་མང་ཉུང་ཅིའང་བྱེད་པར་མི་ནུས་ཟེར་ཏོ།
གྲངས་ཀ་ 22:18།
ང་ཚོས་མི་ལས་དཀོན་མཆོག་གི་བཀའ་ལ་ལྷག་པར་ཉན་དགོས།
མཛད་པ་ 5:29།
===================================
January 2, 2024; Tuesday
ཇན་ཝ་རི་ཚེས་ 2། གཟའ་མིག་དམར།
གསུང་མགུར་ 2། འགོད་པ་ 2:4-25། མད་ཐཱ་ 1:18-25།
།ཁྱེད་ལ་རང་སེམས་འཐད་པའི་མཆོད་པ་དབུལ།
།ཀྱེ་ཡ་ཧོ་ཝཱ་ལེགས་པོ་ཡིན་པ་ཡི།
།ཁྱེད་མཚན་ལ་ངས་གཏང་རག་འབུལ་བར་བྱའོ།
གསུང་མགུར་ 54:6།
མོ་རེང་མོ་དབུལ་མོ་ཞིག་འོངས་ནས། དོང་ཙེ་ཆུང་བ་གཉིས་ཕུལ་ཏོ།
མར་ཀུ་ 12:42།
===================================
January 1, 2024; Monday
ཇན་ཝ་རི་ཚས་ 1། གཟའ་ཟླ་བ།
གསུང་མགུར་ 1། འགོད་པ་ 1:1-2:3། མད་ཐཱ་ 1:1-7།
དེ་རེ། སེམས་ལྷོད་ཀྱི་སྡོད་ཅིག་དང་། མ་འཇིགས། སྙིང་ཡང་འཁྲུགས་པར་མ་གྱུར་ཅིག
ཡེ་ཤ་ཡཱ་ 7:4།
།གཙོ་བོའི་ཐུགས་ཉིད་ང་ཡི་སྟེང་ལ་གནས།
།ཁོང་གིས་ང་ལ་སྣུམ་གྱིས་བྱུགས་མཛད་དོ།
།གཙོ་བོའི་ཐུགས་རྗེའི་ནམ་ལོ་སྒྲོག་ཕྱིར་མངགས།
ཡེ་ཤུས་དེ་རིང་ཁྱེད་ཀྱིས་རྣ་བས་ཐོས་སར་གསུང་འདི་གྲུབ་བོ་གསུངས་སོ།
ལུ་ཀ་ 4:18, 19, 21།